དབུ་ཤོག>ཁྲིམས་ལུགས།
  • འཕྱོངས་རྒྱས་རྫོང་གིས་ཁྲིམས་སྐྱོང་ལས་དོན་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    2022ལོར་ཕྱིར་ལྟ་བྱེད་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྒྱུར་འཕེལ་བརྟན་གསུམ། འགལ་ཟླ་དང་འགྲན་སློང་སོགས་ཀྱི་ཉམས་ཉེན་དུ་མ་མཉམ་དུ་འཛོམས་པ་དང་། དུས་རབས་གསར་པ་དང་དུས་བབ་གསར་པར་འཕྱོངས་རྒྱས་རྫོང་གིས་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་དང་ལེན་ཧུར་ཐག་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི“མཐའ་འཁྱོངས་བྱེད་དགོས་པ་བཅུ་གཅིག”ལ་གོ་བ་གཏིང་ཟབ་བླངས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི“རྩ་བ་བརྟན་པོ”དང་། “སྔོན་དཔག་བརྟན་པོ” “ཕུཌ་ལ་ཕན་པ”བཅས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

    2022ལོ་ནས་བཟུང་། རྫོང་ཡོངས་ཀྱིས་ཁྱོན་སྒོར་ཁྲི་35.7བཏང་སྟེ《དམངས་དོན་ཁྲིམས་གཞུང》གི་འགུལ་རིས་བརྙན་ཐུང་སྒྲིག་བཟོ་བྱས་པ་དང་། སྒོར་ཁྲི་3.7ཙམ་བཏང་ནས་རྫོང་ཁོངས་ལམ་རྒྱུད་ཀྱི་བརྡ་ཁྱབ་བྱང་བུ་ཆེ་གྲས་བརྗེས་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དྲིལ་བསྒྲགས་ས་ཚིགས་བཏོད་པ། སྒོར་ཁྲི་4བཏང་ནས་རིགས་ཁག་གི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་བཟོས་པ། རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ཁྲིམས་ལྟར་རིམས་འགོག་སོགས་དྲིལ་བསྒྲགས་བྱེད་སྒོ་ཁག་ཁྱོན་ཐེངས་300ལྷག་ཙམ་སྤེལ་བ་དང་། གློག་རྡུལ་བརྙན་ཤེལ་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བརྙན་ཐུང་དང་སྦྱར་ཡིག་སོགས་ཁྱོན་ཆུ་ཚོད་400ལྷག་ཙམ་བསྟན་པ་རེད།

    འཕྱོངས་རྒྱས་རྫོང་གི་སྡེ་ཚན་ཁག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུཌ་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་པའི་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་སྒྱུར་བཅོས་བྱ་ཐབས་བརྒྱུད། སྲིད་གཞུང་གིས་ཁྲིམས་ལྟར་འགན་ནུས་བསྒྲུབ་པར་དེ་བས་ཕན་འབྲས་ཐོན་ལ་ཕྱི་གསལ་ནང་གསལ་ཡོང་བར་སྐུལ་འདེད་བཏང་ཡོད། ཁྲིམས་ལྟར་ཐབས་ཇུས་འདོན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྲིད་འཛིན་ཐབས་ཇུས་འགོད་པའི་གོ་རིམ་ཚད་ལྡན་ནན་པོ་བཟོ་བ། སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། 《འཕྱོངས་རྒྱས་རྫོང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་པའི་མཛུབ་ཁྲིད》དང་དེ་དང་འཚམ་པའི་ཡིག་ཆའི་མ་དཔེ་སྔོན་ལ་རྩོམ་སྒྲིག་དང་པར་འགྲེམས་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲིམས་ལྟར་ཐབས་ཇུས་འགོད་རྒྱུ་མཐའ་འཁྱོངས་བྱས་ནས། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་གོ་རིམ་སྔར་བས་གཟབ་ནན་དང་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་བཏང་བ། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་ཚད་གཞི་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གནད་སྨིན་ཤུགས་འདོན་བྱས་ནས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱེད་པ་དང་གཞུང་དྲང་དང་ཡ་རབས་ཁྲིམས་འཛིན་དེ་བས་ནན་ལ་ཚད་ལྡན་དུ་བཏང་ཡོད།

    མིག་སྔའི་བར། རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་གྱོད་གཞི་9399བདག་སྤྲོད་བྱས་པ་བསྒྲུབས་ཟིན་ནས་གྱོད་གཞི་སྒྲུབ་ཚད་100%ཟིན་པ་དང་། ར་སྤྲོད་དོན་ཚན་སྣ་ཚོཌ་39གསེད་བཀྲོལ་བྱས་པའི་ནང་ར་སྤྲོད་དོན་ཚན་སྣ་ཚོགས་20མེད་པ་བཟོས་པ་དང་ར་སྤྲོད་དོན་ཚན་སྣ་ཚོགས་19ཉར་ཚགས་བྱས་པ། མེད་པ་བཟོས་པའི་བསྡུར་ཚད་51.3%ཟིན་ནས“ར་སྤྲོད་ཡིག་ཆ་ཁུ་བསྡུ་བྱེད་ཚད་50%ཡན་ཟིན་པའི”དམིགས་ཚད་མངོན་འགྱུར་བྱུང་བ། རྒྱུན་གཏན་རང་བཞིན་གྱི་ཡིག་ཆ་10ལ་ཞིབ་བཤེར་དང་ཞིབ་དཔྱད་བྱས་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྣ་ཚོགས་5ལ་ཞིབ་བཤེར་གཏན་འབེབས་བྱས་པ། གོང་རིམ་གྱི་ཁྲིམས་འཛུགས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་བརྟག་ཞིབ་དང་བསམ་འཆར་བསྡུ་ལེན་ནང་ཐེངས་5ཞུགས་པར་གཞོགས་འདེགས་བྱས་ནས་བློ་འདྲི་བྱ་ཡུལ་རྫོང་ཐད་གཏོགས་སྡེ་ཚན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་4བདག་སྤྲོད་བྱས་པ། འབྲེལ་ཡོད་སྡེ་ཚན་གྱིས་ཐེར་འདོན་དང་ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ཆུང་གྲས་11ལ་ཆད་པ་བཅད་མེད་པ་རེད།

    རྔུལ་ཆུ་དང་བློ་གྲོས་འདུས་པའི་གྲངས་གཞི་དེ་དག་གིས“ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ལེགས་ཤོས་ཡིན”ཞེས་པའི་ཕུན་སུམ་ཚོཌ་པའི་ནང་དོན་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།

    རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁྲིམས་ལྟར་གཟབ་ནན་དང་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་ལས་ཐོན་བསྐྱར་ཚུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་རྒྱས་ལ་ཁྲིམས་ལྟར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་དང་རྒན་གསོའི་ཁ་བསླུས་ལ་འགོག་རྒོལ་བྱེད་པའི་བྱེད་སྒོ་ཁྲིམས་ལྟར་གཏིང་ཟབ་སྤེལ་བ། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གཏིང་ཟབ་སྤེལ་བ། “ས་མཐོའི་ཡུལ་མིས་ཤང་དབྱང་དུ་གཉེན་འཕྲད་ལ་སྐྱོད་པའི”བྱེད་སྒོ་གསར་གཏོད་ཀྱིས་སྤེལ་བ་དང་རིམ་པ་མཐོ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་བཏོད་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས“ཚད་གཞི་བཞིར་བརྩི་སྲུང་ཞུས་ཏེ་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ། “འཕར་སྣོན་མི་བྱེད་པ་གསུམ”གྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་པ། ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། གད་སྙིགས་རིགས་དབྱེའི“ལྗང་མདོག་དངུལ་ཁང”གི་རིན་ཡོད་ཚུར་བསྡུ་བྱེད་སྟངས་གཏོད་པ། “མཛེས་སྡུག་ལྡན་པའི་སྒོ་རའི”དཔེ་སྟོན་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་དམངས་འཚོ་སེམས་ལ་འཆང་བ་དང་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་མི་དམངས་ལ་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཐད་འགྱུར་མེད་ཀྱི་རྨང་གཞི་བཏིང་ཡོད།

    མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་ཁ་གསབ་བྱེད་ཐབས་བརྒྱད་ཞིབ་ཚགས་བཟོས་པ་དང་། 2022ལོར་འཕྱོངས་རྒྱས་འདི་ཉིད་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་རྫོང་ཁག་དང་པོའི་གསར་འཛུགས་མིང་ཐོའི་ནང་བཅུག་པ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་ཁག་དང་པོར་བདམས་པ། ཁག་བཅུ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་ལ་རྒྱལ་ཁབ་ཀྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ཐོབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཁག་དྲུག་པ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ། རྫོང་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།