དབུ་ཤོག>ཁྲིམས་ལུགས།
  • མི་དམངས་ཉེན་རྟོག་པས་གསེར་ཆས་ཚོང་ཁང་གི་སྦྱིན་བདག་ལ་དངུལ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གསེར་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་ཧོང་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་རྫོང་མདུན་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་ཡོང་ནས་ཉེན་རྟོག་པར“མི་དམངས་ཀྱི་ཉེན་རྟོག་པ་ཡག་པོ། མི་སེར་གྱི་སྲུང་སྐྱོང་བ”ཞེས་བྲིས་པའི་གོས་དར་ཞིག་སྤྲད་པ་རེད།

    “བུད་མེད་སྐུ་མགྲོན་ཞིག་གིས་ངའི་ཚོང་ཁང་ནས་རིན་གོང་སྒོར་4800རི་བའི་གསེར་གྱི་རྒྱན་ཆ་ཞིག་ཉོས་པའི་རིན་པ་ལག་ཐོགས་ཁ་པར་ནས་སྤྲད་མ་ཚར་གོང་ནས་ལོག་ཕྱིན་སོང”ཞེས་ཉེ་ཆར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་རྫོང་མདུན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་མང་ཚོགས་ཀྱི་རོགས་སྐྱོབ་རེ་ཞུ་ཞིག་འབྱོར་བ་རེད། དེའང་ཚོང་གཡོག་གིས་སྐབས་དེ་དུས་རྩིས་ཁྲའི་ནང་དངུལ་སླེབས་ཡོད་མེད་སྣང་བ་མ་བཞག་པ་དང་། བྲེལ་བ་བརྒྱབ་ཚར་དུས་གཞི་ནས་རྩིས་ཁྲའི་ནང་དངུལ་སླེབས་མེད་པ་ཤེས། འོན་ཀྱང་སྐབས་དེ་དུས་བུད་མེད་སྐུ་མགྲོན་དེ་སྔ་ས་ནས་ལོག་ཟིན་པས་ཅི་བྱ་གཏོལ་བྲལ་འོག་ཉེན་རྟོག་པར་བུད་མེད་དེ་འཚོལ་རོཌ་མི་ཞུ་ཀ་མེད་ཐུག་པ་རེད།

    ཉེས་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པ་འཕྲལ་མར་གསེར་ཆས་ཚོང་ཁང་དེར་བརྟག་དཔྱད་བྱེད་པར་བསྐྱོད། ཆུ་ཚོད་5ཙམ་འདྲི་རྩད་དང་གྲལ་བཤེར་བྱས་མཐར་བུད་མེད་སྐུ་མགྲོན(ཟླ་ཆེ་གེ་མོ)དེའི་སྡོད་གནས་རྩད་ཆོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་ཟླ་ཆེ་གེ་མོས་རྒྱན་ཆ་ཉོས་རྗེས་སྐད་འཕྲིན་ནས་དངུལ་སྤྲད་མོད། འོན་ཀྱང་དངུལ་སྤྲད་ཚར་མེད་པ་ཤེས་མེད་པས་ཕན་ཚུན་དབར་གོ་བ་ལོག་སྒྲུབ་བཟོས་པས་ཁོང་གིས་གསེར་ཆས་ཚོང་ཁང་གི་སྦྱིན་བདག་ལ་དགོངས་དག་ཞུས་པ་མ་ཟད། མི་དམངས་ཉེན་རྟོག་པའི་དཔང་པོའི་འོག་རྒྱན་ཆའི་དངུལ་སྒོར་4800ཆད་ལུས་མེད་པར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།