དབུ་ཤོག>ཁྲིམས་ལུགས།
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    66. ངེས་པར་དུ་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་དང་། མཉམ་དུ་འབད་འཐབ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྲུན་པར་བསྔགས་སྐུལ་བྱས་ཏེ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

    67. ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་ཀྱི་ཁེ་ཕན་གྱི་གནད་དོན་དམ་པོར་བཟུང་ནས་གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་ཀྱི་ཁྲོད་དང་གཞི་རིམ་དུ་ཟབ་ཞུགས་བྱེད་དགོས།

    68. ལས་མང་ཐོབ་མང་རྒྱུན་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ། གོ་སྐབས་དྲང་སྙོམས་ལ་སྐུལ་སྤེལ། ཡོང་འབབ་དམའ་བའི་མིའི་ཡོང་འབབ་འཕར་བར་བྱེད་པ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།

    69. དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། དྲང་སྙོམས་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས།

    70. ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་ཚོང་བྱ་གཞི་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། བྱེད་པོ་མང་པོས་འདོན་སྤྲོད་དང་། ཐབས་ལམ་མང་པོས་འགན་སྲུང་། བོགས་ཉོ་མཉམ་འཛིན་བཅས་བྱེད་པའི་སྡོད་ཁང་ལམ་ལུགས་མགྱོགས་པོར་འཛུགས་དགོས།

    71. མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལེགས་སུ་གཏོང་བ་དང་། བུ་བཙར་རྒྱབ་སྐྱོར་སྲིད་ཇུས་མ་ལག་བཙུགས་ཏེ། བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་གཏོང་དགོས།

    72. མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ། རྒན་རྒོན་རྟེན་མེད་ཁེར་ལུས་ཀྱི་ཞབས་འདེགས་ལེགས་སུ་གཏོང་བ། རྒན་རྒོན་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་འདེགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་བྱེད་དགོས།

    73. སྨན་བཅོས་འཕྲོད་བསྟེན་དཔུང་ཁག་སྟོབས་ཆེར་བཏང་ནས་ལས་ཀའི་གཙོ་གནད་གྲོང་གསེབ་དང་སྡེ་ཁུལ་དུ་འཇོག་དགོས།

    74. རང་བྱུང་ཁམས་ཆེན་པོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་རེད། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་མཁས། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་པ་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་རེད།

    75. ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་དགོས་ཤིང་། ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྙིགས་རོ་རེས་འཁོར་བེད་སྤྱོད་ཀྱི་མ་ལག་གང་མགྱོགས་འཛུགས་དགོས།

    76. རྩྭ་ཐང་དང་། ནགས་ཚལ། རྒྱུག་ཆུ། མཚོ། འདམ་ར་བཅས་ལ་རྒྱ་བསྡམས་ཏེ་སོར་ཆུད་ཡོང་བར་བྱེད་དགོས་ཤིང་། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་ཡག་པོ་སྡོམ་པ་དང་། རྨོ་ཞིང་དབྱར་མར་འཇོག་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས།

    77. རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་བསྐོས་ཐང་ལ་གཞི་ཚུགས་ཤིང་སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་ཚད་མཐོ་ཤོས་ཀྱི་བྱེད་སྒོ་ལག་བསྟར་བྱེད་དགོས།

    78. བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་རྒྱུན་འཁྱོངས་བཟུང་སྟེ། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞི་འཛུགས་དགོས་ཤིང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དོན་རྐྱེན་མ་ཐོན་གོང་ནས་སྔོན་འགོག་བྱེད་པར་སྐུལ་འདེད་གཏོང་དགོས།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།