སློབ་གྲྭའི་བཙན་བརྙས་ལ་ངོ་རྒོལ་བྱེད་པའི་གཞས་མ་གཏམ་གྱི་བརྙན་ཐུང་《རྫིག་པོ་མི་འདུག》ཅེས་པ་དངོས་སུ་འགྲེམས་སྤེལ་བྱས་པ།
ཉེ་ཆར། རང་ལྗོངས་ཀྱི་སློབ་གྲྭའི་བཙན་བརྙས་ལ་ངོ་རྒོལ་བྱེད་པའི་གཞས་མ་གཏམ་གྱི་བརྙན་ཐུང《རྫིག་པོ་མི་འདུག》ཅེས་པ་དངོས་སུ་དྲ་ཐོག་ཏུ་འགྲེམས་སྤེལ་བྱས་པ་རེད།
གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་གཅེས་སྐྱོང་དང་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རོགས་རམ་བྱ་ཆེད། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་ཆེད་མངགས་སློབ་གྲྭའི་བཙན་བརྙས་ལ་ངོ་རྒོལ་བྱེད་པའི་གཞས་མ་གཏམ་གྱི་བརྙན་ཐུང་དེ་བཟོས་པ་རེད། དེར་རྒྱ་བོད་སྐད་ཡིག་གཉིས་ཀྱི་པར་གཞི་ཡོད་ཅིང་། གཙོ་བོར་ཕྱོགས་གསུམ་པའི་ངོས་ནས་སློབ་གྲྭའི་བཙན་བརྙས་ཀྱི་བྱེད་སྤྱོད་ལ་དགག་པ་བརྒྱབ་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སློབ་མར་སློབ་གྲྭའི་ནང་གི་གཏུམ་སྤྱོད་བཀག་འགོག་བྱེད་ཕོད་པ་དང་། སློབ་གྲྭའི་ནང་གི་དྲག་ཤུགས་ལ་རྒོལ་ཕོད་པ། གཞོན་ནུ་ལོ་ཆུང་གི་སློབ་མའི་བཅའ་ཁྲིམས་ཀྱི་རང་སྲུང་ནུས་པ་དང་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་རང་འགུལ་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་ཁྲིད་སྟོན་བྱས་པ་ཞིག་རེད།
ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་མ་སྐལ་བཟང་རྣམ་རྒྱལ་གྱིས། སློབ་གྲྭའི་བཙན་བརྙས་ཀྱི་མདུན་དུ་ང་ཚོས་བློ་ཁོག་ཆེན་པོས་རྒོལ་ཐུབ་པ་དང་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཤེས་པ་བྱེད་དགོས”ཞེས་བཤད།