དབུ་ཤོག>ཁྲིམས་ལུགས།
  • 2022ལོར་ལྷ་སའི་ལྷོ་རི་བྱང་རིར་སྔོ་འགྱུར་ནགས་བཟོ་བྱེད་ཚད་མུའུ་ཁྲི་14ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར། གསར་འགོད་པར་2023ལོའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2022ལོར་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་13.7བཏང་ནས་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་14ལེགས་སྒྲུབ་བྱས་པའི་ཁྲོད། མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་9.4དང་། རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་0.94 སྡོང་འཛུགས་ནགས་བཟོ་མུའུ་ཁྲི་3.6 གནམ་གྲུས་སོན་སྟོར་ནགས་བཟོ་མུའུ་ཁྲི་0.07བཅས་ཟིན་པ་མ་ཟད། ཆུ་གློག་ལམ་གསུམ་གྱི་ལེ་ལག་ཚང་བའི་ལས་གྲྭའང་སྤྱིར་ན་ལེགས་སྒྲུབ་ཟིན་ཡོད།

    ཚོགས་འདུར་2023ལོའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་ཐད་དམིགས་ཚད་ཁ་གསལ་བཏོན་ནས་འདི་ལོ་ནགས་བཟོ་མུའུ་ཁྲི་21ལྷག་ཙམ་ལེགས་སྒྲུབ་བྱ་རྩིས་ཡོད་པ་དག་ཁྲེང་ཀོན་ཆུས་དང་། སྟག་རྩེ། སྟོད་ལུང་བདེ་ཆེན། ཆུ་ཤུར། གོང་དཀར་སོགས་ཀྱི་ཆུས་དང་རྫོང་ལ་ཁྱབ་ཅིང་། 2022ལོ་འཁོར་གྱི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གསབ་འདེབས་དང་། ལྷ་ས་གྲོང་ཁྱེར་ཉེ་འཁོར་གྱི་འགྲིམ་འགྲུལ་ལམ་རྒྱུད་རྣམ་གྲངས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད། ནགས་བཟོ་སྔོ་འགྱུར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    “གོམ་སྟབས་རྗེས་མར། འབྲེལ་ཡོད་སྡེ་ཚན་ཁག་དང་ནགས་བཟོ་ཚན་པས་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ‘སྤུས་ཕན་མཐོར་གཏོང་དང་། གསབ་འདེབས། 2023ལོའི་ནགས་བཟོ་སྔོ་འགྱུར’གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་དཔྱིད་དུས་ཀྱི་ནགས་བཟོའི་དུས་ཚིགས་ཡག་ཤོས་དམ་འཛིན་བྱས་ཏེ་ནགས་བཟོ་དང་སྡོང་ཕྲུག་སོགས་ཀྱི་ལས་གྲྭའི་འཕེལ་རིམ་དང་སྤུས་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་འགན་ཁག་སྤུས་ལེགས་ནུས་ཆེའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་འཕེལ་རིམ་གསར་པ་ཡོང་བའི་འགན་ལེན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན”ཞེས་ལྷ་ས་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།