ཐེན་ཅིན་རུ་ཁག་གིས་ཟིན་ཐོ་གསར་པ་བཏོད་པ།
ཉེ་ཆར་ཐེན་ཅིན་ཐོན་པོ་ལུས་རྩལ་ལྟེ་གནས་སུ་2023ལོའི་རྒྱལ་ཡོངས་ཀྱི་ལུས་རྩལ་ཁང་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་4×སྨི་400ཡི་མཐའ་བསྡུར་བྱས་རྗེས་ཐེན་ཅིན་རུ་ཁག་གིས་སྐར་མ་3དང་སྐར་ཆ་10གྲངས་ཆུང་82ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་མ་ཟད། རྣམ་གྲངས་དེའི་རྒྱལ་ཡོངས་ཀྱི་ལུས་རྩལ་ཁང་ནང་གི་ཟིན་ཐོ་གསར་པའང་བཏོད་ཡོད། འདི་ནི་ཉེ་ཆར་ཨང་དང་པོ་ཐོབ་མཁན་ཐེན་ཅིན་རུ་ཁག་གི་བདམས་ཐོན་པ་ལི་སུང་ཨའོ་དང་། སུའུ་རི་ཡཱ། ཝུའུ་ཡའོ་ཆང་། ཅུས་ཐེན་ཆི(གཡོན་ནས་གཡས་བར)བཅས་ཀྱིས་བྱ་དགའི་སྟེགས་བུའི་ཐོག་ཏུ་དགའ་འབོད་བྱེད་བཞིན་པ།