དབུ་ཤོག>ཁྲིམས་ལུགས།
  • གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་དང་སྔོན་འགོག་ནན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-24

     ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“རྒྱུན་གཅོད་པ”དང“མཚམས་གཅོད་པ”སོགས་ཀྱི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་མྱུལ་ཞིབ་དང་རྡུང་རྡེག་བཏང་ནས་གང་ཐུབ་ཀྱིས་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པར་བྱས་ཤིང་། 2022ལོར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་543རྩད་ཆོད་པ་དེ་དུས་མཚུངས་ལས་42%འཕར་བ་དང་། ཉེས་གསོག་དོགས་ཅན་496བཟུང་བ་དུས་མཚུངས་ལས་68%འཕར་བ། མགོ་སྐོར་ཐེབས་པའི་མང་ཚོགས་ལ་བདག་དབང་ཁ་གསལ་ཡོད་པའི་ཁ་བསླུས་ཤོར་བའི་དངུལ་སྒོར་ཁྲི་3587ཕྱིར་བསློགས་པ་དེ་དུས་མཚུངས་ལས་24%འཕར་བ་དང་། ལྗོངས་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཚད་དང་གྱོང་གུན་ཕོག་ཚད་སོ་སོར་དུས་མཚུངས་ལས་28%དང་13%ཆག་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།