གནད་སྨིན་ཤུགས་འདོན་བྱས་ནས“སྤྱོད་ཚུལ་བཞི” ཡོ་བསྲང་དང་སྲོལ་གསར་བཏོད་པ།
འདི་ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་སྨིན་ཤུགས་འདོན་བྱས་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པ་དང་སྲོལ་གསར་བཏོད་དེ་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་དཔེ་3དང་། ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱས་པའི་གྱོད་དཔེ་4བརྡ་ཁྱབ་དམར་འདོན་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གྱི་ཁུངས་སྣེ་37བདག་སྤྲོད་བྱས་པའི་ནང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྐོར་གྱི་ཁུངས་སྣེ་1དང་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་སྐོར་གྱི་ཁུངས་སྣེ་36ཡོད་པ་རེད།
མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཀྱི་གནད་དོན་སྐོར་གྱི་ཁུངས་སྣེ་18བདག་སྤྲོད་བྱས་པའི་ནང་གྲོང་གསེབ་དར་རྒྱས་རིགས་ཀྱི་གནད་དོན་སྐོར་གྱི་ཁུངས་སྣེ་9དང་དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་སྐོར་གྱི་ཁུངས་སྣེ་9ཡོད་པ་རེད།
གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་ལྟ་སྐུལ་ཞིབ་བཤེར་ཐེངས་175བྱས་པར་འཕྲལ་སྒྲུབ་འཕྲལ་བཅོས་ཀྱི་གནད་དོན་120ཤེས་རྟོགས་བྱུང་བ་དང་། དག་ཐེར་ལས་དོན་གྱི་བསམ་འཆར་དང་གྲོས་འགོ་ཁག་26བཏོན་པ། གནད་དོན་གྱི་ཁུངས་སྣེ་8རྩིས་སྤྲད་ཡོད། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་11བྱས་པ་དང་། སྐབས་བརྗེའི་གོམས་སྲོལ་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་8བྱས་པ། བཟའ་བཏུང་གསོལ་མགྲོན་ཁང་32དང་རླངས་འཁོར་འཇོག་ས་12ལ་ལྟ་སྐུལ་ཞིབ་བཤེར་བྱས་པ། འཁོར་རིགས་400ལྷག་ཙམ་ལ་གྲལ་བཤེར་བྱས་ཡོད་པ་རེད།