དབུ་ཤོག>ཁྲིམས་ལུགས།
  • 2022ལོར་རང་ལྗོངས་ཀྱིས་འཛད་སྤྱོད་པར་གྱོང་གུན་སྒོར་ཁྲི་1502.54མ་ཕོག་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-24

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོཌ་པའི“3·15”འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2022ལོར་ལྗོངས་ཡོངས་ཀྱིས་12315ཞུ་གཏུག་ཐེར་འདོན་ལས་སྟེགས་བརྒྱུད་འཛད་སྤྱོད་པའི་ཞུ་གཏུག་དང་། ཐེར་འདོན། བློ་འདྲི་བཅས་ཁྲི་4.53བདག་སྤྲོད་བྱས་ནས་འཛད་སྤྱོད་པར་སྒོར་ཁྲི་1502.54གྱོང་གུན་མ་ཕོག་པར་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

    2022ལོར་ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་རྣམ་པ་ཧུར་ཐག་བཏོད་པ་དང་། འཛད་སྤྱོད་ཐད་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་ཁག་གིས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་རྒྱུན་རྣམ་ཅན་དང་མཉམ་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་བདེ་འཇགས་ལྟ་འདོམས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་གཙོ་གནད་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་ཧུར་ཐག་བཏང་བས། 2022ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་བསྡོམས་ཁྲི་43.76ཟིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་ཁྲི་2.17ཟིན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་དྲ་རྒྱའི་འཛད་སྤྱོད་ལ་མཐུན་སྦྱོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ཁྲོམ་རའི་བློ་བདེའི་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ་དྲ་རྒྱའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ་རེད།

    2023ལོར། རང་ལྗོངས་ཀྱིས་12315ཞུ་གཏུག་ཐེར་འདོན་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་བཏང་སྟེ་འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་འགྲོ་བ་དང་། འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།