ཉེན་རྟོག་པས་ལག་ཐོགས་ཁ་པར་འཚོལ་རོགས་བྱས་པར་དོ་བདག་གིས་ཐུགས་རྗེ་ལེགས་འབུལ་ཞུས་པ།
ཟླ་2ཚེས་27ཉིན་གྱི་ཆུ་ཚོད་19ཡོལ་ཙམ་ལ། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་ལ་རང་ཉིད་ཀྱིས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རིན་ཐང་སྒོར་9000ལྷག་ཙམ་རི་བའི་ལག་ཐོགས་ཁ་པར་iPhone12ཇོ་མོ་གླང་མའི་སྒར་ས་ཆེ་མོའི་མཛེས་ལྗོངས་ཁུལ་དུ་བོར་བརླག་སོང་འདུག་པས། མི་དམངས་ཉེན་རྟོག་པས་འཚོལ་རོགས་གནང་ཞེས་པའི་ཡུལ་སྐོར་བ་ཀྲའོ་ལགས་ཀྱི་ཉེན་དོན་སྙན་སེང་འབྱོར།
ཉེན་དོན་སྙན་སེང་འབྱོར་རྗེས། མངགས་གཏོང་ཁང་གི་སྒར་ས་ཆེ་མོའི་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་དོ་བདག་དང་འབྲེལ་གཏུག་བྱས། བོར་བརླགས་སོང་བའི་དངོས་རྫས་ཀྱི་ཁྱད་ཆོས་དང་ས་ཁོངས་རགས་ཙམ་ཁོང་དུ་ཆུད་རྗེས། མྱུར་དུ་ཀྲའོ་ཆེ་གེ་མོས་མཁོ་འདོན་བྱས་པའི་འགྲོ་སྐྱོད་ཁུལ་གྱི་རྗེས་ཤུལ་ལྟར་རྩད་ཞིབ་བྱས། ཇོ་མོ་གླང་མའི་ཡུལ་སྐོར་ལྟེ་གནས་ཀྱི་ལས་དོན་མི་སྣ་དང་ཚན་པའི་སྒར་སའི་སྒོ་ཁར་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་མཐུན་སྦྱོར་བྱས་ནས་ལྡིར་སོ་སྤྲོས་ཆས་དང་འགྲོ་མིར་གྲལ་བཤེར་དང་། ཆུ་ཚོད་1ཙམ་རིང་ལས་ཀ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་བཀྲ་ཤིས་འཛོམས་ཤང་གི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་ཨང་2པའི་ནང་ཀྲའོ་ཆེ་གེ་མོའི་ལག་ཐོགས་ཁ་པར་རྙེད་པ་མ་ཟད། འཕྲལ་མར་ལག་ཐོགས་ཁ་པར་ཀྲའོ་ག་གེ་མོར་སྤྲད་པ་རེད།
ཀྲའོ་ཆེ་གེ་མོས་སྤྱི་བདེ་མངགས་གཏོང་ཁང་དུ་བསྐྱོད་དེ་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད།