དབུ་ཤོག>ཁྲིམས་ལུགས།
  • མང་ཚོགས་ཁྲོད་དུ“ལེ་ཧྥུང་གི་སྙིང་སྟོབས”དར་སྤེལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-24

    ཉིན་ཤས་བསྟུད་མར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་བསྟར་བརྟག་དཔྱད་ཉིང་ལག་རུ་ཁག་ལག་ཁྱེར་སྒྲུབ་གཉེར་ཁང་གིས། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཉེ་དུས་ལག་ཁྱེར་སྒྲུབ་གཉེར་བྱེད་མཁན་མང་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་ས་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ་དང་། སྲིད་ཇུས་གསར་པ་དྲིལ་བསྒྲགས། དམངས་ཕན་ཞབས་ཞུ་སོགས་ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་དྲིལ་བསྒྲགས་པར་གཞི་ཐུང་ངུ་སྟོན་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ། རྒྱ་ཆེའི་མང་ཚོགས་ལ“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”རྗེས་ཀྱི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་པའི་བོད་ལྗོངས་མཐའ་མཚམས་འགྲོ་སྐྱོད་ལག་ཁྱེར་སྒྲུབ་གཉེར་གནས་ཚུལ་དང་མཐའ་མཚམས་ས་ཁུལ་གྱི་གནམ་གཤིས་དང་འགྲོ་ལམ་སྐོར་གྱི་ཆ་འཕྲིན་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། མང་ཚོགས་ཀྱིས་བློ་འདྲི་བྱས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གྱི་ཤེས་བྱ་གཏིང་ཟབ་ཞིབ་ཚགས་ངང་གསལ་འགྲེལ་བྱས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཐའ་མཚམས་དོ་དམ་ཁུལ་གྱི་འགྲོ་སྐྱོད་ལག་ཁྱེར་དོ་དམ་བྱེད་ཐབས》(སྤྱི་བདེ་པུའི་བཀའ་རྒྱ་ཨང་42པ)དང་། 《རྒྱལ་མཚམས་འགྲོ་འོང་གི་དོ་དམ་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་མཐའ་མཚམས་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་ཤེས་བྱ་དང་དེ་བཞིན་ཏོག་གསར་གློ་ཚད་ནད་དུག་འགོས་པར“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”རྗེས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་རིམ་སྤེལ་བྱེད་ཐབས་གཙོ་གནད་དུ་བཟུང་ནས་སྒྲོག་འགྲེལ་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་80ལྷག་ཙམ་སྤྲད་པ་དང་ས་གནས་ས་ཐོག་ཏུ་མི་ཐེངས་200ལྷག་ཙམ་གྱིས་བཏོན་པའི་བཅའ་ཁྲིམས་སྐོར་གྱི་དྲི་བར་ལན་བརྒྱབ་པ་རེད། མང་ཚོགས་ཚོས་བོད་ལྗོངས་གནས་སྤོས་ཡུལ་མི་ཉེན་རྟོག་པས་དང་བླངས་བཅའ་ཁྲིམས་ཁྱབ་གདལ་དང་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་ལས། ང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་ཤེས་རྟོགས་དེ་བས་ཟབ་མོ་བྱུང་ལ་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།