དབུ་ཤོག>ཁྲིམས་ལུགས།
  • གྲ་ནང་རྫོང་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་སྐྱོང་གི“སྲུང་གདུགས”ཡག་པོ་ཕུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-24

    4e99236d-51c1-4c18-8c09-f0ec8f0cbc07.jpg.jpg

    འདི་ནི་ཕྲུ་གུ་ཚོ་དགའ་ཚོར་ཆེན་པོས་རྩེད་མོ་རྩེ་བཞིན་པ།

    གྲ་ནང་རྫོང་སློབ་ཆུང་གི་སློབ་མ་ཚོས“ཞིབ་དཔྱོད་དཔོན་གཅེན་པོ་དང་གཅེན་མོ་ཚོ་རྟག་ཏུ་སློབ་གྲྭར་ཡོང་སྟེ་ང་ཚོར་ཁྲིམས་སྐྱོང་གཏམ་རྒྱུད་ཤོད་རྒྱུའི་རེ་བ་ཡོད་ལ། ང་ཁྱིམ་ལ་ལོག་རྗེས་དེ་དག་པཱ་ལགས་དང་ཨ་མ་ལགས་ལ་བཤད་ནས་སྒྲིག་བཀུར་ཁྲིམས་སྲུང་བྱེད་ཀྱི་ཡིན། ད་དུང་ང་ཞིབ་དཔྱོད་ཁང་དུ་ཕྱིན་ནས་ཞིབ་དཔྱོད་དཔོན་ཚོས་ལས་དོན་ཇི་ལྟར་སྒྲུབ་མིན་ལ་ལྟ་བར་འགྲོ་འདོད་འདུག”ཅེས་འཚང་ཁ་ཤིག་ཤིག་ངང་བཤད། ཕྲུ་གུ་ཚོས་ཁྲིམས་སྐྱོང་གཏམ་རྒྱུད་ལ་དགའ་པོ་བྱེད་པ་དེས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་ལས་དོན་ཏན་ཏིག་སྒྲུབ་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོ་རྒྱུན་གཏན་གྱི་ཀུན་སྤྱོད་སློབ་གསོ་དང་མཉམ་འདྲེས་ཐུབ་པར་བྱས་ནས་འཚོ་བའི་སྒྲིག་ལམ་ཞིག་ཆགས་པར་བྱ་རྒྱུ་རེད།

    ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་བཅས“ཕྱོགས་དྲུག་གཞི་གཅིག”གི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གསར་པ་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྡེ་ཚོགས་ཨུ་ལྷན་དང་། དམངས་སྲིད། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲིམས་འཛིན་ཅུས་སོགས་སྡེ་ཚན་དང་མཉམ་དུ་གྲ་ནང་རྫོང་སློབ་ཆུང་དུ“ཁྲིམས་འཛིན་སྲུང་སྐྱོང་ཟབ་ཏུ་བཏང་ནས། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་སེམས་པ་གཅིག་སྒྲིལ”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དང་རྫོང་ཐད་གཏོགས་ལས་ཁུངས་ཁག་གི་ལས་དོན་མི་སྣས་སློབ་གྲྭའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆར་གཞིའི་དགོས་མཁོར་སྤེལ་རེས་གཏིང་ཟབ་དང་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་སློབ་གསོའི་བྱེད་སྒོ་དུས་ཚིགས་རེར་ཐེངས་རེ་སྤེལ་རྒྱུ་དང་། སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང་། ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ། ལད་མོའི་ཁྲིམས་ར་སོགས་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་ནས། སློབ་གྲྭའི་སློབ་ཁྲིད་ཀྱི་མྱུར་ཚད་དང་སློབ་མའི་ཁྲིམས་སྐྱོང་གི་དགོས་མཁོ་དང་བསྟུན་རྒྱུ་རེད། གྲ་ནང་རྫོང་ཞིབ་དཔྱོད་ཁང་གི་ན་སོ་དར་ལ་མ་བབས་པའི་མིའི་གཅིག་འཐུས་རྣམ་པའི་སྲུང་སྐྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་བཅས་ཀྱིས་སྲུང་སྐྱོང་བྱེད་པའི“སྲུང་སྐྱོང་ཆེན་པོ་དྲུག”གི་སྲུང་སྐྱོང་མ་ལག་གི་ནུས་པ་སྐོང་འཐེན་གང་ལེགས་བྱེད་པ་དང་ཆབས་ཅིག ན་སོ་དར་ལ་མི་བབས་པའི་མིས་འཚོ་བའི་གནད་དོན་དངོས་ཐག་གཅོད་བྱེད་རིང་བཅའ་ཁྲིམས་ལ་བརྟེན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁྲིམས་སྐྱོང་གི་སྒྲོག་འགྲེལ་པ་ཕུལ་བྱུང་དཔྱད་འདེམས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིས་བྱེད་སྒོ་སྣ་ཚོགས་ཁྲོད་ཁྲིམས་སྐྱོང་གི་དད་སེམས་ཟབ་ཏུ་གཏོང་བར་སྣེ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།