དབུ་ཤོག>ཁྲིམས་ལུགས།
  • ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭར་བཟའ་བཅའི་བདེ་འཇགས་ཀྱི་ཞིབ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-14

    འདི་ནི་ལས་དོན་མི་སྣས་ལྟོ་སྣོད་འཁྲུ་བ་དང་དུག་སེལ་གནས་ཚུལ་ཞིབ་བཤེར་བྱེད་བཞིན་པ།

    སློབ་གྲྭའི་ཁ་ལག་ཡག་པོ་ཡོད་མེད་དང་། ཁ་ལག་གཙང་མ་ཡོད་མེད། སློབ་གྲྭའི་ཉེ་འགྲམ་གྱི་ཚོང་ཁང་ནས་འཚོང་བའི་བཟའ་བཅའ་རྣམས་བཟའ་བཅའི་བདེ་འཇཌ་ཀྱི་ཚད་གཞི་དང་མཐུན་ཡོད་མེད་བཅས་ནི་རྒྱ་ཆེའི་ཁྱིམ་བདག་ཚོས་དོ་ཁུར་ཤིན་ཏུ་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད། 2023ལོའི་དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་་ལས་དོན་ཡག་པོ་སྒྲུབ་ཆེད། ཟླ་3ཚེས་2ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སློབ་གསོའི་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། དེ་བཞིན་བུ་བཅོལ་ཁང་གི་ཟ་ཁང་དང་སློབ་གྲྭའི་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པར་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ། སློབ་འགོ་ཚུགས་རྗེས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་དང་དགེ་སློབ་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།