དབུ་ཤོག>ཁྲིམས་ལུགས།
  • ལྷོ་ཁའི་སྤྱི་བདེས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་མཆུ་དཀར་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-14

    ཟླ་3ཚེས་5ཉིན་གྱི་ཆུ་ཚོད་4པ་ཡོལ་ཙམ་ལ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་མེ་འཁོར་བབས་ཚུགས་མདུན་གྱི་མངགས་གཏོང་ཁང་གི་ལས་རེས་མི་དམངས་ཉེན་རྟོག་པ་སྐོར་གཡེང་བྱེད་སྐབས། “ཉེན་རྟོག་པ་ལགས། ངའི་ཁྱིམ་གྱི་དྲོད་ཁང་ཆེན་པོའི་འགྲམ་དུ་སྲོག་ཆགས་ཧ་ཅང་ཆེན་པོ་ཞིག་ལྕགས་དྲར་འཁོན་འདུག དེས་མ་ཟད་འགྲམ་གྱི་གློག་ཤིང་ཡང་ཆག་འདུག”ཅེས་སྙན་སེང་འབྱོར་འཕྲལ་མངགས་གཏོང་ཁང་གི་ལས་རེས་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་བསྐྱོད་ནས་དབྱེ་འབྱེད་ངོས་འཛིན་བྱས་པ་བརྒྱུད། སྲོག་ཆགས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་མཆུ་དཀར་ཡིན་པ་དང་། ཤྭ་རྭ་དང་སྐེ་ལྕགས་སྐུད་ལ་འཁོན་ནས་ཉེན་ཁའི་གནས་སུ་གྱར་ཡོད་པ་རེད།

    སྐྱོབ་རོགས་ཀྱི་ལས་དོན་སྔར་ལས་ལེགས་པར་སྤེལ་བ་དང་རོགས་སྐྱོབ་བྱེད་རིང་ཤྭ་བ་མཆུ་དཀར་ལ་རྨས་སྐྱོན་མི་ཕོག་པ་བྱ་ཆེད། མི་དམངས་ཉེན་རྟོག་པས་འཕྲལ་མར་མེ་ཟོན་རོགས་སྐྱོབ་སྡེ་ཚན་ལ་འབྲེལ་གཏུག་བྱས། མེ་ཟོན་རོགས་སྐྱོབ་རུ་མིའི་རོགས་རམ་འོག དུས་ཡུན་ཆུ་ཚོད་4ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། མཐར་ལྗིད་ཚད་སྤྱི་རྒྱ་100ལྷག་ཙམ་ཡོད་པའི་ཤྭ་བ་མཆུ་དཀར་དེ་བསྐྱབས་ཐུབ་པ་བྱུང་ཡོད། ཞིབ་བཤེར་རགས་ཙམ་བྱས་པ་བརྒྱུད། རྨས་སྐྱོན་དེ་ཙམ་ཕོག་མེད་སྟབས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཤྭ་བ་མཆུ་དཀར་རང་བྱུང་ཁམས་ལ་གློད་པ་རེད།

    ཉེ་ཆར། ཤྭ་བ་མཆུ་དཀར་རྒྱུན་དུ་ཡར་ཀླུང་གཙང་པོའི་འགྲམ་གྱི་སྐྱེད་མོས་ཚལ་དུ་འགྲོ་འདུག་བྱེད་ཀྱི་ཡོད་པས། མང་ཚོགས་ཀྱིས་དེ་དག་མཐོང་ཚེ་གནོད་འཚེ་མ་བཏང་བར་དེ་དག་མཛེས་སྡུག་ལྡན་པའི་སྣེ་གདོང་དུ་རང་དགར་འཚོ་གནས་བྱེད་དུ་འཇུག་དགོས། གལ་སྲིད་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ལྐོག་རྔོན་དང་། ཉོ་ཚོང་། ཟ་བ། འཚོལ་བསྡུ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། ལམ་སེང་110ལ་ཁ་པར་བརྒྱབ་ནས་སྙན་སེང་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།