ལྷ་སའི་ཁོར་ཡུག་འཕྲོད་བསྟེན་སྡེ་ཚན་གྱིས་གཙོ་གནད་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་པ།
མཛེས་སྡུག་དང་ཞི་མཐུན་ལྡན་པའི་གྲོང་ཁྱེར་གྱི་འཕྲོད་བསྟེན་ཁོར་ཡུག་ཅིག་གཏོད་ཆེད། ལྷ་སའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གྲོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལས་དོན་སྤེལ་བ་དང་ཆབས་ཅིག མངོན་མེད་སྲང་ལམ་སོགས་གཙོ་གནད་གནས་ཚིགས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ། སྲང་ལམ་གཙང་སྦྲ་ལྡན་ཞིང་གྲལ་བསྟར་འགྲིག་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱས་པ་རེད།
ཟླ་3ཚེས་4ཉིན་ནས་བཟུང་། ལྷ་སའི་ཁོར་ཡུག་འཕྲོད་བསྟེན་སྡེ་ཚན་གྱིས་ཁོར་ཡུག་འཕྲོད་བསྟེན་སྐོར་ཞིབ་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། གད་པ་དང་འཁོར་རིགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གྲོང་ཁྱེར་གྱི་མངོན་མེད་སྲང་ལམ་དང་ཁྲོམ་གཞུང་གི་ཁུག་ཀྱོག་དང་གད་སྙིགས་གཤོ་ས་སོགས་ཀྱི་གད་སྙིགས་ཕྱགས་པ་དང་ཆབས་ཅིག གད་གཞོང་གཙང་མ་བཟོས་པ་རེད། ཟླ་3ཚེས་5ཉིན་བར། ཁྱོན་བསྡོམས་གད་པ་15དང་གནོན་ཤུགས་ཆེ་བའི་ཆུ་བཤལ་འཕྲུལ་འཁོར་2བཏང་སྟེ། གྲོང་ཁྱེར་བྱང་འདབས་ཀྱི་ཁྲོམ་གཞུང་དང་། སྲང་ལམ། གད་སྙིགས་གཤོ་ས། རྨང་གཞིའི་སྒྲིག་བཀོད་བཅས་ལ་གཅིག་སྡུད་གཙང་སེལ་དང་ཆུ་བཤལ་བཏང་བ་དང་ཆབས་ཅིག གྱང་དང་གྲོང་ཁྱེར་བཀོད་པ་དོ་དམ་གྱི་ཞོར་གཏོགས་སྒྲིག་ཆས་ལ་སྦྱར་བའི་བརྡ་སྦྱོར་ཆུང་གྲས་རྣམས་རྦད་དེ་བཀོག་པ་རེད། ད་རེས་ཁྱོན་བསྡོམས་གད་སྙིགས་གཤོ་ས་6དང་བརྡ་སྦྱོར་ཆུང་གྲས་300ལྷག་ཙམ་གཙང་སེལ་བྱས་པ་རེད།