དབུ་ཤོག>ཁྲིམས་ལུགས།
  • ལྷ་སའི་ཁྲེང་ཀོན་སྤྱི་བདེས་བྱིས་པ་གཉིས་འཚོལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-14

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱི་མངགས་གཏོང་ཁང་ཁག་དང་དེ་བཞིན་110དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས“བོར་བརླག་བྱིས་པའི་སྲུང་སྐྱོང་ས་ཚིགས”ཞེས་པའི་མིང་ཆོབ་ཚ་པོ་ཞིག་བཏགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱི་མངགས་གཏོང་ཁང་ཁག་དང་། དེ་བཞིན་110དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ལོ་ལྟར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ། གར་སོང་ཆ་མེད་ཀྱི་བྱིས་པ་དང་རྒན་རྒོན་བརྒྱ་ལྷག་ཙམ་འཚོལ་རོགས་བྱས་ནས། ཁྱིམ་ཚང་མང་པོར་གོད་ཆགས་མི་ཡོང་བ་བྱས་པ་རེད།

    ཉེ་ཆར། གཤོངས་དགའ་སྡེ་ཁུལ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་མང་ཚོགས་ཕུར་ཆེ་གེ་མོས་རང་ཉིད་ཀྱི་ཕྲུ་གུ་ཁྱིམ་གྱི་སྒོ་འགྲམ་ནས་བརླཌ་སོང་། ཆུ་ཚོད་གཅིག་ལྷག་ཙམ་བཙལ་ཡང་རྙེད་མ་བྱུང་བས་རོགས་པ་གནང་རོཌ་ཞེས་པའི་གྱོད་དོན་སྙན་སེང་འབྱོར། རོགས་སྐྱོབ་ཁ་པར་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་འཚོལ་དུ་ཕྱིན་པ་རེད། མི་དམངས་ཉེན་རྟོག་པས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། དེ་ཉིན་ཉིན་དགུང་ལ་ཕྲུ་གུ་དེ་རྙེད་པ་རེད། གཞན་ཡང་། ཉེ་དུས་སེ་ར་ལྷོ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པ་སྐོར་གཡེང་བྱེད་སྐབས། ལམ་ཟུར་དུ་ཕྲུ་གུ་གཅིག་ངུ་བཞིན་ཡོད་པ་མཐོང་བས་དེར་ཉམས་ཞིབ་བྱས་ནས་སྐར་མ་ཁ་ཤས་བསྡད། མཐར་ཕྲུ་གུ་གཅིག་པུ་ལས་མི་རྒན་པ་ཡོང་མཁན་མེད་པ་ཤེས་རྗེས། ཕྲུ་གུ་དེ་དམངས་ཕན་ཉེན་རྟོག་ས་ཚིགས་སུ་ཁྲིད་ནས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་བརྒྱུད། ཕྲུ་གུ་མི་རྒན་པ་དང་ཁ་ཐོར་བ་ཤེས། དམངས་ཕན་ཉེན་རྟོག་ས་ཚིགས་ཀྱིས་ལམ་སེང་མི་དམངས(ལས་རོགས)ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་དུ་འཚོལ་ཞིབ་ཀྱི་ལས་དོན་སྤེལ་བ་དང་། ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད། ཕྲུ་གུའི་པ་ཕ་དང་འབྲེལ་གཏུག་ཐུབ་ནས་དམངས་ཕན་ཉེན་རྟོག་ས་ཚིགས་སུ་ཕྲུ་གུ་ལེན་པར་འབོད་ཅིང་། ཕྲུ་གུའི་ཁྱིམ་བདག་གིས་མི་དམངས་ཉེན་རྟོག་པས་དམངས་ཆེད་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།