སྐོར་སྲུང་ལ་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་སྔོན་འགོག་བྱེད་པ།
ཉེ་ཆར། ཉིང་ཁྲིའི་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་མེ་ཟོན་རོགས་སྐྱོབ་མི་སྣ་40ལྷག་ཙམ་བཏང་སྟེ། དྲིལ་བསྒྲགས་རླངས་འཁོར་ལ་བརྟེན་ནས《ནགས་ཚལ་མེ་ཟོན་སྲོལ་ཡིག》བསྟན་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་སྦྱོར་བ། དྲིལ་བསྒྲགས་བྱེད་ས་འཛུགས་པ། མེ་ཟོན་རོགས་སྐྱོབ་མི་སྣ་རི་ལ་སྐོར་སྲུང་བྱེད་རྒྱུར་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། སྤྲེལ་རིའི་ནགས་ཚལ་སྤྱི་གླིང་དུ་རྒྱ་ཆེའི་མང་ཚོགས་ལ་རྒྱུན་སྤྱོད་ནགས་ཚལ་མེ་ཟོན་ཤེས་བྱ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་མ་ཟད་མང་ཚོགས་ལ་ནགས་སྲུང་མེ་ཟོན་དང་ནགས་ཚལ་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་པ་རེད། འདི་ནི་ནགས་ཚལ་མེ་ཟོན་པས་སྒྲིག་ཆས་ཁྱེར་ནས་སྐོར་སྲུང་བྱེད་བཞིན་པ།