རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སྡེ་ཁུལ་དུ་སྤྱི་ཕན་མེ་ཟོན་དྲིལ་བསྒྲགས་བྱས་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་མཉམ་དུ“ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་མེ་ཟོན་བྱ་སྤྱོད”བརྗོད་དོན་གཙོ་བོར་བྱས་ནས། དང་བླངས་པ་དང་མེ་ཟོན་རོགས་སྐྱོབ་མི་སྣ་སྒྲིག་འཛུགས་བྱས་ཏེ། ལྷ་སའི་ཁྲོམ་གཞུང་དང་སྡེ་ཁུལ་ཁག་ཏུ་མེ་ཟོན་སྤྱི་ཕན་དྲིལ་བསྒྲགས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
བྱེད་སྒོ་སྤེལ་རིང་། དང་བླངས་པ་དང་མེ་ཟོན་རོགས་སྐྱོབ་མི་སྣས་འཕྲེད་འགེལ་ཡི་གེ་འགེལ་བ་དང་མེ་ཟོན་དྲིལ་བསྒྲགས་ཀྱི་ཚོན་ལྡན་ཤོག་བྱང་དང་དེ་བཞིན་དྲིལ་བསྒྲགས་དངོས་པོ་སྤྲོད་པ་སོཌ་ཀྱི་བྱེད་ཐབས་བརྒྱུད། ས་གནས་ས་ཐོག་ཏུ་རྒྱུན་གཏན་འཚོ་བའི་ཁྲོད་ཇི་ལྟར་བྱས་ནས་མེ་སྐྱོན་མི་ཐོན་པ་དང་། མེ་སྐྱོན་ཐོག་མར་ཐོན་སྐབས་ཇི་ལྟར་བྱས་ནས་མེ་གསོད་པ། མེ་སྐྱོན་ཐོན་སྐབས་ཇི་ལྟར་བྱས་ནས་རང་སྐྱོབ་བྱེད་པ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པར་མི་ཐེངས་1000ལྷག་ཙམ་ཞུགས་ཡོད། དེ་དང་ཆབས་ཅིག་ཚང་སྟོང་རྒན་རྒོན་དང་། དབང་པོ་སྐྱོན་ཅན། གཞིས་ལུས་བྱིས་པ་སོགས་ཉམས་ཞན་ཚོགས་སྤྱིར“སྒོ་བརྡུངས་ནས་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་སྤེལ་ཏེ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་དང་བཅོས་སྒྲིག་བྱས་ནས་མེ་ཟོན་བདེ་འཇགས་འགན་ལེན་བྱས་པ་རེད།