དབུ་ཤོག>ཁྲིམས་ལུགས།
  • ལྷ་སའི་སྤྱི་བདེས་ཁ་བསླུས་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-07

    ཉེ་ཆར། ལྷ་སའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་མང་ཚོགས་ཀྱིས། ཟ་ཁང་ཞིག་ཏུ་ཆང་རག་བསླུ་ཚོང་གི་ཁ་བསླུས་བྱེད་སྤྱོད་སྤེལ་གྱི་འདུག་ཅེས་ཐེར་འདོན་གོང་ཞུ་བྱས་པ་རེད།

    དེ་མ་ཐག་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་བསྐྱོད་དེ་བཅར་འདྲི་དང་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གནོད་འཚེ་ཕོག་མཁན་གྱིས་གྲོགས་སྒྲིག་མཉེན་ཆས་ཤིག་ནས“བུད་མེད་དྲ་གྲོགས”སུ་བརྫུས་པ་ཞིག་ངོ་ཤེས་ཏེ་གླེང་མོལ་བྱེད་སྐབས་མི་དེས་ངོ་འཕྲད་ནས་ཁ་ལག་ཟ་བ་དང་གྲོགས་པོ་བསྒྲིག་རྒྱུར་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ་ཡིད་ཆེས་སུ་བཅུག་པ་དང་། གནོད་འཚེ་ཕོག་མཁན་གྱི་ཐོབ་ཐང་ཆ་འཕྲིན་གཡོ་ལེན་བྱས་པ་མ་ཟད་སྐད་འཕྲིན་བརྒྱུད་ནས་རུས་ཀྲའོ་ཅན་གྱི་སྐྱེས་པ་ཞིག་ལ་བཏང་བ་རེད།

    རུས་ཀྲའོ་ཅན་གྱི་སྐྱེས་པས་བརྡ་འཕྲིན་འབྱོར་རྗེས། འཁྲུངས་ཞུ་མ་བཀོད་སྒྲིག་བྱས་ཏེ་གཏན་ཁེལ་གྱི་ས་ཆར་གནོད་འཚེ་ཕོག་མཁན་ཆང་རག་འཐུང་བར་སྐད་བཏང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་ཤེས་གསལ་ལྟར་ན། ཚོགས་པ་དེས་ཆང་རག་འཛད་སྤྱོད་བྱེད་དུ་འཇུག་ཐེངས་རེར་ཁྲིམས་འགལ་ངང་རག་པའི་དངུལ་དག་ཆང་ཞུ་མར་25%དང་། “མཐེབ་གཞོང་པར”30% ཀྲའོ་ཆེ་གེ་མོ་དང་ལས་རོགས་ལ་སོ་སོར་22.5%བཅས་སོ་སོར་བགོ་ཡི་ཡོད་པ་རེད།

    མིག་སྔར། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་སྒྲུབ་མཁན་ཚང་མ་གྱོད་ཁོངས་སུ་ཚུད་པ་དང་། གྱོད་གཞི་དེར་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ཞུས་དོན། དྲ་ཐོག་ནས་གྲོགས་པོ་སྒྲིག་སྐབས་གཟབ་གཟབ་བྱེད་དགོས་པ་དང་། ངོ་ཤེས་ནས་ཡུན་རིང་མ་སོང་ཡང་ངོ་འཕྲད་མ་ཐག་འཛད་སྤྱོད་བྱ་རྒྱུའི་རེ་བ་འདོན་པའི་དྲ་གྲོགས་ལ་དོགས་ཟོན་བྱེད་དགོས། ཁ་ཆད་བྱས་པའི་ས་ཆ་དེ་རང་ཉིད་ལ་རྒྱུས་མངའ་ཡོད་པའི་ས་ཆ་འདེམས་གང་ཐུབ་བྱེད་དགོས། རོལ་རྩེད་བྱ་ཡུལ་དུ་འཛད་སྤྱོད་བྱེད་སྐབས་རིན་གོང་གསལ་པོ་བལྟས་རྗེས་གཞི་ནས་རྩིས་རྒྱག་དགོས། མངགས་པའི་ཆང་རག་གི་རིགས་ཡག་ཤོས་བྱུང་ན་རང་ཉིད་ངོ་མས་ཁ་ཕྱེ་ན་མ་གཏོགས་མགོ་སྐོར་འོག་ཏུ་ཚུད་ཉེན་ཆེ། གལ་ཏེ་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས་ཚེ། འབྲེལ་ཡོད་ཀྱི་འཛད་སྤྱོད་དཔང་འཛིན་ཉར་ནས་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།