དབུ་ཤོག>ཁྲིམས་ལུགས།
  • ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་རིམ་དང་པོའི་སྲིད་འཛིན་གྱོད་གཞི་ཁྲི་227.4འདྲི་གཅོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-02-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་ལས་དོན་ཚོགས་འདུ་ཐེངས་དྲུག་པ་ནས་ཤེས་རྟོགས་བྱས་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་འདྲི་གཅོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བས་རིམ་ཁག་ཁྲིམས་ཁང་གིས་འདྲི་རིམ་དང་པོའི་སྲིད་འཛིན་གྱོད་གཞི་ཁྲི་235.2བདག་སྤྲོད་བྱས་པ་དང་གྱོད་གཞི་ཁྲི་227.4འདྲི་གཅོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྲིད་འཛིན་གཏུག་བཤེར་གི་ཞུ་གཏུག་ཆ་རྐྱེན་ལ་སྟངས་འཛིན་ཡང་དག་བྱས་ནས་དོ་བདག་གི་ཞུ་གཏུག་དབང་ཆ་འགན་ལེན་ཏན་ཏིག་བྱས་ཡོད། 2016ལོ་ནས་བཟུང་། རིམ་ཁག་ཁྲིམས་ཁང་གིས་འདྲི་རིམ་དང་པོའི་སྲིད་འཛིན་གྱོད་གཞི་ཁྲི་186.7བདག་སྤྲོད་བྱས་པ་ལོ་རེར་ཆ་སྙོམས་8.8%འཕར་ཡོད། མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་གཞུང་དང་སྲིད་འཛིན་གཏུག་བཤེར་གྱི་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ལོ་བཅུའི་རིང་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་རིགས་ཀྱི་འདྲི་རིམ་དང་པོའི་སྲིད་འཛིན་གྱོད་གཞི་ཁྲི་16.6ཞིབ་གཅོད་བྱས་པ་དང་། 2018ལོ་ནས་བཟུང་འདྲི་རིམ་དང་པོའི་སྲིད་འཛིན་གྱི་སྐྱིན་ཚབ་གྱོད་གཞི་ཁྲི་6.5ལ་ཞིབ་གཅོད་བྱས་པར་གུན་གསབ་སྒོར་དུང་ཕྱུར་65.6འཇལ་བ་རེད།

    མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་དྲང་གཞག་མཐའ་འཁྱོངས་ནན་ཏན་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་ཞུ་སྦྱོར་ཕྱི་མ་ཟུང་གི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། 2016ལོ་ནས་བཟུང་ལས་ཁུངས་ཐུན་མོང་གི་ཞུ་སྦྱོར་ཕྱི་མ་བྱེད་པའི་འདྲི་རིམ་དང་པོའི་སྲིད་འཛིན་གྱོད་གཞི་ཁྲི་4.6འདྲི་ཞིབ་དང་བསྐྱར་གྲོས་བྱས་ཡོད། སྲིད་འཛིན་གཏུག་བཤེར་བྱེད་རིང“དཔོན་རིགས་ཁྲིམས་ལ་གཏུག་པར་ཁྲིམས་སར་ཡོང་བ”རྒྱུན་རྣམ་དུ་འགྱུར་བར་སྐུལ་འདེད་བཏང་ནས། 2021ལོར་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་ཚད་65.4%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།