སྡེ་ཚན་བཞིས་དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུའི་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སློབ་གསོ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《2023ལོའི་དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། བརྡ་ཐོའི་ནང་བླང་བྱ་བཏོན་དོན། སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པ་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པ་དང་སློབ་གྲྭའི་ཟ་ཁང་ལ་ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇགས་བ་བཀོད་སྒྲིག་ལ་ལྟ་སྐུལ་བྱེད་པ་དང་། སློབ་གྲྭས་འོས་སྐུལ་གྱི་ཚད་གཞི་བཟོ་བ་དང་། བཟའ་བཅའ་འབོར་ཆེན་ཡོངས་བསྒྲགས་ངང་འོས་སྐུལ། གཅིག་སྡུད་ཐོག་གནས་གཏན་འཁེལ་གྱི་ཉོ་སྒྲུབ་བཅས་ལ་མཛུབ་ཁྲིད་བྱས་ནས་འོས་སྐུལ་གྱི་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ། སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པ་ནང་འདྲེན་དང་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པ་དང་སློབ་གྲྭའི་ཟ་ཁང་གི“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་དུ་འབྲེལ་བར”མུ་མཐུད་སྐུལ་འདེད་བཏང་སྟེ་ཁྱིམ་བདག་ཨུ་ལྷན་སོགས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་སྤྱི་ཚོགས་ཀྱིས་ཐུན་མོང་བཅོས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པ་བཅས་རེད།