དབུ་ཤོག>ཁྲིམས་ལུགས།
  • གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལས་འཚོ་བ་དེ་བས་སྟབས་བདེ་རུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-28

     ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་ལྗོངས་ཀྱི་སྲིད་དོན་ཆ་འཕྲིན་མ་ལག་514དྲ་ཐོག་ཏུ་བསྒྱུར་ཟིན་པའི་ནང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་276དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་238ཡོད་ཅིང་། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་སྤེལ་བརྟན་པོ་གཏོང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲངས་གཞིའི་ཐོན་ཁུངས་དཀར་ཆག་མགྱོགས་པོ་བཟོས་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་དར་དམངས་ཕྱུག་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ་དང་། རྨང་གཞིའི་གྲངས་གཞིའི་མཛོད་དང་ཆེད་དོན་མཛོད་བཙུགས་ནས་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་གྲངས་གཞི་གཅིག་སྡུད་མཉམ་སྤྱོད་དང་བརྗེ་རེས་ཀྱི་ནུས་པ་གང་ལེགས་འདོན་པ། གྲངས་གཞིའི་མཁོ་སྤྲོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲངས་གཞི་རྒྱུན་འཁོར་གོ་རིམ་ལྡན་པའི་ངང་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཚང་མར་ཁྱབ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་སྒྲུབ”ཀྱི་དཀའ་གནད་དང་འགག་གནད་བསལ་ནས་ལྗོངས་ཡོངས་གཅིག་གྱུར་གྱི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་མགྱོགས་པོ་སྐྲུན་པ། རིག་ལྡན་སྨན་བཅོས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་སྟེ་སྤུས་ལེགས་སྟབས་བདེའི་ཞབས་འདེགས་ཞུ་བ། “དྲ་སྦྲེལ+སློབ་གསོའི”དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གྲངས་འཛིན་སློབ་གྲྭའི་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།