དབུ་ཤོག>ཁྲིམས་ལུགས།
  • བརྩེ་སེམས་ཟབ་མོས་འགྲིམ་འགྲུལ་བདེ་འཇགས་ཡོང་བར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-23

    99aec07c-180e-49be-b6a8-86eb0e23c08b.jpg.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་མཚན་མོར་ར་བཟི་འཁོར་གཏོང་གི་གནས་ཚུལ་ཡོད་མེད་ཞིབ་བཤེར་བྱེད་བཞིན་པ།

    68a90479-8b92-4c36-ba83-045fd0680209.jpg.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་གྲོང་མིར་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་བཞིན་པ།

    2022ལོར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཐོག་མཐའ་བར་གསུམ་དུ་མཛུབ་ཁྲིད་དུ་བྱས་ནས་ལས་དོན་ཁག་སྤེལ་བ་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་རྒྱུ་དམིགས་ཚད་དུ་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་བཏང་བ་རེད།

    2022ལོར་རིམ་རྩིས་བྱས་ན། མང་ཚོགས་ཀྱི་རླངས་འཁོར་གྱི་སྒྲིག་འགལ་ཞུ་གཏུག་ཐེངས་1000ཙམ་བདག་སྤྲོད་བྱས་པ་དང་། སྒྲིག་འགལ་གྱི་ནོར་འཁྲུལ་ཡོད་པའི་ཆ་འཕྲིན་828ཙམ་དག་བཅོས་དང་ཕྱིར་འཐེན་བྱས་ནས་ཁ་ལོ་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱས་པ། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ལ་བསྐྱར་ཞིབ་བྱེད་པའི་གྱོད་གཞི་ཁག་34གཉེར་བ། ཁྲིམས་འཛིན་ཅུས་ཀྱིས་སྤྲད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་ལན་འདེབས་གྱོད་གཞི་ཁག་4གཉེར་བ། གྲོང་ཁྱེར་ཅུས་ཀྱི་སྲིད་དོན་ཡོངས་བསྒྲགས་ཐོག་སྒྲུབ་གཉེར་བརྒྱུད་སྤྲོད་བྱས་པའི་དྲ་དམངས་ཀྱི་དོགས་གཞི་15ལ་ལན་བཏབ་པ། 12345ཡི་གྲོང་ཁྱེར་སྲིད་གཞུང་གི་ཐད་སྦྲེལ་ཁ་པར་ནས་ལན2250བཏབ་པ། མཉམ་སྤྱོད་རྐང་འཁོར་ཀུང་སི་དང་དེ་བཞིན་མྱུར་སྐྱེལ་ཁེ་ལས་7ལ་བདེ་འཇགས་ཐོན་སྐྱེད་ཀྱི་ཡིག་ཚགས་བཟོས་པ་མ་ཟད་དག་ཐེར་གྱི་བརྡ་ཐོ་ཡང་བཏང་བ་རེད། སྔ་རྗེས་སུ་རྫོང(ཆུས)7དུ་བསྐྱོད་ནས་གྱོད་གཞི་སྒྲུབ་གཉེར་དང་། ཉུང་གཏོང་ཚོད་འཛིན། ཁྲིམས་འཛིན་ཚད་ལྡན། གྱོད་འབྲེལ་ནོར་དོན་ཞིབ་བཤེར་བཅས་ཐེངས་4བྱས་པ་རེད།

    གཞུང་ལམ་འགྲིམ་འགྲུལ་གྱི་དོན་དངོས་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ལོ་འགོར་བཀོད་སྒྲིག་དང་། དུས་ཚིགས་རེར་སྐུལ་འདེད། ལོ་མཇུག་ཏུ་ཕྱོགས་སྡོམ། ལོ་ཧྲིལ་པོར་བཅོས་སྒྲིག”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས། 2022ལོའི་ལོ་འགོར་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་ལོ་ཧྲིལ་པོའི་གཞུང་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་བཀོད་སྒྲིག་བྱས་པ་དང་། ལོ་དཀྱིལ་དུ་དམིགས་གཏན་བཀོད་སྒྲིག་ལྟར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་ལ་ཞིབ་བཤེར་ཐག་གཅོད་སོགས་ཀྱི་བཅོས་སྒྲིག་ལས་དོན་སྣ་ཚོགས་སྤེལ་བ་མ་ཟད་ཟླ་བ་རེ་དང་དུས་ཚིགས་རེར་དུས་མཚམས་རང་བཞིན་གྱི་ཚོགས་འདུ་འཚོགས་ནས་ཚང་བཤེར་ཆད་གསབ་དང་ཕྱོགས་སྡོམ་ལེགས་གཏོང་བྱས་ཏེ་དུས་ཐོག་ཏུ་གོང་རིམ་སྡེ་ཚན་ལ་ལས་ཀའི་འཕེལ་རིམ་སྙན་སེང་ཞུས་ཏེ“གོང་གིས་བཀོད་སྒྲིག་བྱེད་པ་དང་འོག་གིས་དོན་འཁྱོལ་ཐུབ་པ”བྱས་ནས་འགྲོ་ལམ་འགྲིམ་འགྲུལ་དོ་དམ་དང་དེ་བཞིན་བདེ་འཇཌ་ཐོན་སྐྱེད་ལས་དོན་དོན་འཁྱོལ་མཐར་ཕྱིན་དང་ཕན་འབྲས་ཐོན་པར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    “ད་ཆ་གློག་སྒུལ་སྦག་སྦག་བཏང་ནས་ཕྱིར་འགྲོ་སྐབས་རྨོག་ཞྭ་གྱོན་པ་དང་། གློག་སྒུལ་སྦག་སྦག་འཇོག་ཡུལ་དུ་འཇོག་པ། གློག་སྒྲོན་དམར་པོ་འབར་ན་སྐྱོད་མི་ཆོག་པ་དང་གཉིས་བཞོན་མི་རྒྱག་པ་བཅས་འགྲིམ་འགྲུལ་སྒྲིག་ལམ་ཡག་པོ་བསྲུངས་བར་བརྟེན་ད་བར་ལས་འཛོལ་ཐེངས་གཅིག་ཀྱང་ཐོན་མྱོང་མེད། འགྲིམ་འགྲུལ་ཉེན་རྟོག་བློ་མཐུན་གྱིས་སེམས་རྩ་འཁོལ་པོས་དྲིལ་བསྒྲགས་ཐེངས་མང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཕྱིས་སུ་མུ་མཐུད་འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་ཞུ་གི་ཡིན”ཞེས་གྲོང་མི་བློ་བཟང་རྡོ་རྗེས་གློག་སྒུལ་སྦག་སྦག་ཡག་པོ་བཞག་རྗེས་དེ་ལྟར་བརྗོད་བྱུང་།

    འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་སྔོན་འགོག་དང་ཉུང་དུ་ནུས་ལྡན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་འགན་ལེན་བྱ་ཆེད། 2022ལོའི་ཟླ་5ཚེས་7ཉིན། ལྷ་ས་གྲོང་ཁྱེར་གྱིས་གློག་སྒུལ་འཁོར་རིགས་དང་སྦག་སྦག་ཟང་ངེ་ཟིང་ངེ་ཡོད་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་ཆེད་དོན་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས། གྲོང་ཁུལ་དང་རྫོང(ཆུས)ཁག་གི་གློག་སྒུལ་འཁོར་རིགས་དང་སྦག་སྦག་དང་འབྲེལ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། འཁོར་བྱང་མེད་པའི་གློག་སྒུལ་འཁོར་རིགས་མང་དུ་འགྲོ་རྒྱུ་བཀག་འགོག་ཐུབ་སྟེ་འགྲིམ་འགྲུལ་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལྟེ་བའི་གྲོང་ཁུལ་གྱི་མ་ལམ་དང་ལམ་མདོ་གཙོ་བོར་རླངས་འཁོར་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གློག་སྒུལ་འཁོར་རིགས་དང་སྦག་སྦག་གཏོང་མཁན་གྱི་འགྲིམ་འགྲུལ་ཁྲིམས་སྲོལ་གྱི་བདེ་འཇགས་འདུ་ཤེས་དང་ཡ་རབས་འགྲོ་སྐྱོད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། གློག་སྒུལ་འཁོར་རིགས་དང་སྦག་སྦག་དང་འབྲེལ་བའི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཏེ་མི་དམངས་མང་ཚོགས་ལ་བདེ་འཇཌ་དང་། གོ་རིམ་ལྡན་པ། ཤར་བགྲོད། ཞི་མཐུན་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    གྲངས་གཞི་ལས་མངོན་པར། གྲོང་ཁྱེར་ཡོངས་སུ་ཁྱོན་གློག་སྒུལ་འཁོར་རིགས་88183ཐོ་འགོད་བྱས་པ་དང་ཚད་བརྒལ་གློག་སྒུལ་འཁོར་རིགས་73422ཐོ་འགོད་བྱས་པའི་ནང་། དོ་དམ་བྱ་ཡུལ་མིན་པ་ནས་གློག་སྒུལ་འཁོར་རིགས་58051ཐོ་འགོད་དང་། རྫོང(ཆུས)7དུ་ཁྱོན་གློག་སྒུལ་འཁོར་རིགས་15371ཐོ་འགོད། རྒྱལ་སྤྱིའི་གློག་སྒུལ་རྐང་འཁོར་14761ཐོ་འགོད། མཉམ་སྤྱོད་གློག་སྒུལ་རྐང་འཁོར་ཁྱོན་13000ཐོ་འགོད། མང་ཚོཌ་ཀྱི་གློག་སྒུལ་རྐང་འཁོར་1761ཐོ་འགོད་བཅས་བྱས་ཡོད། དེའི་རིང་གློག་སྒུལ་འཁོར་རིཌ་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁྱོན་24830ཞིབ་བཤེར་ཐག་གཅོད་བྱས་ཡོད།

    ཉིང་ལག་རུ་ཁག་གི་ཕྱིར་སྐྱོད་རུ་ཆེན་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་བཅོས་སྒྲིག་ཇུས་གཞི་བཟོས་ནས། གཙོ་གནད་ས་ཁོངས་དང་། ལམ་དུམ། དུས་མཚམས་བཅས་སུ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ། ཆང་བཏུངས་འཁོར་གཏོང་དང་དུག་འཐེན་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་སྐྱོད་སྐོར་གཡེང་ཟུང་འབྲེལ་དང་ཉེན་རྟོག་ལས་ཁུངས་ཁག་མཉམ་དུ་ཁྲིམས་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཅོས་སྒྲིག་གི་ཁྱབ་ཁོངས་ཆེ་རུ་བཏང་ནས་ལས་གནས་དང་། མི་སྣ། འགན་འཁྲི་བཅས་གཏན་འཁེལ་བྱས་ནས་ཞིབ་བཤེར་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་བཅོས་སྒྲིག་བྱེད་རིང་གསར་འགོད་པ་སྒྲིག་འཛུགས་བྱས་ནས་ཉེན་རྟོག་པ་དང་མཉམ་དུ་བསྐྱོད་དེ་རྗེས་སྙེག་བཅར་འདྲི་དང་གནས་ཚུལ་སྤེལ་བ་དང་དཔེ་མཚོན་གྱོད་དཔེ་དམར་འདོན་བྱས་ནས་མང་ཚོགས་ཚོར་ཆང་བཏུངས་འཁོར་གཏོང་མི་ཆོག་པའི་སློབ་གསོ་བརྒྱབ་པ་རེད། མིག་སྔའི་བར་ཁྱོན་ཆང་བཏུངས་འཁོར་གཏོང་བྱེད་མཁན་377དང་ར་བཟི་འཁོར་གཏོང་བྱེད་མཁན་267ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    དེ་དང་ཆབས་ཅིག་ཉིང་ལག་རུ་ཁག་གིས་མི་དང་དངོས་ཟོག་ཚད་ལས་བརྒལ་ནས་བླུགས་པ་དང་། འཁོར་བྱང་མི་བསྒར་བ་དང་ལག་ཁྱེར་མེད་པ། ཟོག་འདྲེན་རླངས་འཁོར་ནང་ཁྲིམས་འགལ་ངང་མི་བླུགས་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིབ་བཤེར་ཐག་གཅོད་ལས་དོན་སྤེལ་ཤུགས་དང་། སྐོར་གཡེང་བྱེད་ཚད། ཁྱབ་ཚད་བཅས་ཆེ་རུ་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཞིབ་བཤེར་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་མཐའ་འཁོར་དུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལམ་ངོས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ལམ་ངོས་ལ་དོ་དམ་ཚོད་འཛིན་གཙོ་གནད་དུ་བྱེད་པ་དང་ཞིབ་བཤེར་ས་ཚིགས་ཁག་ལ་བརྟེན་ནས། ཟོག་འདྲེན་རླངས་འཁོར་དང་། ཞིང་སྤྱོད་འཕྲུལ་འཁོར། འདྲུད་འཐེན་འཁོར་ལོ། མྱུར་ཚད་དལ་བའི་ཟོག་འདྲེན་རླངས་འཁོར་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནད་དོན་ཐོན་མ་ཐག་ནས་ཐག་གཅོད་མཐའ་གཅིག་ཏུ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།