“དུས་ཆེན་གཉིས”རིང་གི་མེ་ཟོན་བདེ་འཇགས་ལ་འགན་ལེན་བྱེད་པ།
འདི་ནི་མེ་ཟོན་བཀོད་འཐབ་པ་རྣམས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ལས་སྒྲུབ་ས་ཚིགས་སུ་སྔོན་ཚུད་ནས་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་རུ་ཐོག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་མི་ཁོངས་གཏོགས་ཁུལ་གྱི་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་བཞིན་པ།
“དུས་ཆེན་གཉིས”ཀྱི་མེ་ཟོན་བདེ་འཇགས་ལས་དོན་ཏན་ཏིག་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་ཆེད། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ས་ཁོངས་སུ་བསྐྱོད་དེ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས“མང་ཚོགས་དུས་ཆེན་གཏོང་བར་མེ་ཟོན་ཚད་ལོན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། བདེ་སྲུང་གི་གཙོ་གནད་ས་ཁོངས་དང་བྱེད་སྒོ་སྤེལ་ཡུལ་གྱི་མེ་སྐྱོན་གྱི་ཆོས་ཉིད་ཁོང་དུ་གནད་སྨིན་ཆུད་པར་བྱས་ནས། སྔོན་བཀོད་ལས་བརྩོན་དང་སྐོར་གཡེང་ཚོད་འཛིན་སོགས་ཀྱི་བདེ་སྲུང་བྱ་ཐབས་ལ་ཤུགས་སྣོན་གྱིས་མགྱོགས་མྱུར་དང་ལེན་དང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་རེད།