ལས་གནས་བརྟན་པོར་བསྲུངས་ནས་མང་ཚོགས་ཀྱི་ཚེ་སྲོག་སྲུང་བ།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་དོན་པས་ལས་གནས་བརྟན་པོར་བསྲུངས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ཡོད།
འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཐེང་ལི་རུང(གཡོན་གྱི་དང་པོ)གིས་ལས་རོགས་དང་མཉམ་དུ་ནད་ཐོར་ལྟ་བཞིན་པ།
འདི་ནི་རྫ་ཡུལ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་བཀོད་འཐབ་པ་སྒྲིག་འཛུགས་བྱས་ནས་དཔྱིད་གསར་དུས་ཆེན་རིང་གི་མེ་ཟོན་གྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ནགས་ཚལ་གྱི་མེ་ཟོན་རྒྱུན་ཤེས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་ནས། ནགས་ཚལ་གྱི་མེ་ཟོན་གྱི་འདུ་ཤེས་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པར་བྱས་ཡོད།