དབུ་ཤོག>ཁྲིམས་ལུགས།
  • “སློབ་སྦྱོང་བཞིའི”བྱ་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-17

    59da9e1a-3122-4dfb-a2fb-bd4808bada57.jpg.jpg

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“སློབ་སྦྱོང་བཞིའི”བྱ་ཐབས་སྤྱད་དེ་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་སྤྱོད་ལ་་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    2022ལོའི་ཟླ་10ཚེས་16ཉིན། སྤྱི་བདེ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ལ་བལྟས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནན་ཏན་ཉན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ”བཅས་བྱེད་པའི་བླང་བྱ་ཞིབ་ཕྲ་དོན་འཁྱོལ་བྱ་ཆེད་ཉེན་རྟོག་པ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་མ་ཡིག་སློབ་སྦྱོང་ནན་ཏན་དང་། སྙན་སྒྲོན་ཇི་མ་ཇི་བཞིན་སློབ་སྦྱོང་མཐའ་འཁྱོངས། བདེན་དོན་ཇི་མ་ཇི་བཞིན་རྟོགས་པ་བཅས་བྱས་ནས་སྙན་སྒྲོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པའི་ཐད་རྒྱུན་ཆད་མེད་པར་ཤུགས་བརྒྱབ་སྟེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་པ་རེད།

    དུས་འགོའི་སློབ་སྦྱོང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གྲོས་བསྡུར་སྒྲིག་འཛུགས་དང་། སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད། མི་ཚང་མས་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་བཅས་བྱས་ནས་སྤེལ་རེས་དང་བགྲོ་གླིང་བྱེད་རིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ངོས་འཛིན་ཟབ་ཏུ་བཏང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ལས་ཀའི་ལག་ལེན་ཞིབ་ཕྲར་སྤྱད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།