དབུ་ཤོག>ཁྲིམས་ལུགས།
  • 2022ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་9.4%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-17

    ཉེ་ཆར་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། 2022ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་ཡང་བའི་བཟོ་ལས་ལས་རིགས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་21.55བྱུང་ནས་དུས་མཚུངས་ལས་6.1%འཕར་ཡོད། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་སྦབ་ཆ་གཅིག་དང་དེ་བཞིན་སྦྲེལ་མཐུད་བྱེད་ཐབས་སྔར་བས་ཤུགས་ཆེར་ཕྱིན་ནས་ཕན་འབྲས་ཐོན་པ་དང་ཆབས་ཅིག ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་སྤྱི་ཡོངས་སླར་གསོའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད། ཐོན་སྐྱེད་དང་དགོས་མཁོ་སྤྱིར་ན་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཐོན་སྐྱེད་ཐད། 2022ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་2.9%འཕར་བ་དང་། ཉི་ནུས་གློག་རྫས་དང་། འབར་རླངས་ཆུ་ཚ་པོ་བཟོ་ཆས། ཁྱིམ་སྤྱོད་གོས་འཁྲུད་འཕྲུལ་འཁོར་སོགས་ཐོན་རྫས་ཀྱི་ཐོན་ཚད་10%ཡན་ཟིན་ཡོད། འཛད་སྤྱོད་ཐད། ཟླ་དང་པོ་ནས་བཅུ་གཅིག་བར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་བཅུ་ཡི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་62540ཟིན་ནས་དུས་མཚུངས་ལས་1.0%འཕར་བ་དང་། སྤྱི་ཚོགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་འཕར་ཚད་ཀྱི་བརྒྱ་ཆའི་གྲངས་1.1ལས་མཐོ་བ་ཡོད་པའི་ནང་འབྲུ་སྣུམ་བཟའ་བཅའ་དང་བཏུང་བྱའི་རིགས་ཀྱི་ཚོང་ཟོག་གི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་8.5%དང་5.3%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།