རྨ་ཆུའི་ཀན་སུའུ་དུམ་བུའི་ཆུ་ལོག་སྔོན་འགོག་གི་ལས་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་པ།
གསར་འགོད་པར་ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། རྨ་ཆུའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དུམ་བུའི་ཆུ་ལོག་སྔོན་འགོག་ལས་གྲྭ་ཉེ་ཆར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཤིང་། དེ་ཐོག་ནས་རྨ་ཆུའི་ཀན་སུའུ་དུམ་བུའི་ཆུ་ལོག་སྔོན་འགོག་ལས་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་མཚོན་ཡོད།
རྨ་ཆུའི་ཀན་སུའུ་དུམ་བུའི་ཆུ་ལོག་སྔོན་འགོག་ལས་གྲྭ་2015ལོར་སྐྲུན་འགོ་ཚུགས་ཤིང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2014ལོར་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་172ཁྲོད་ཀྱི་གཙོ་བོའི་གྲས་ཤིག་ཡིན་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ལ་སྐྱེ་ཁམས་སྲུང་སྐྱོང་གི་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭ་བསྐྲུན་རྗེས་ཀན་སུའུ་ཞིང་ཆེན་རྨ་ཆུའི་ངོགས་གཉིས་ཀྱི་གྲོང་ཁྱེར(ཀྲོའུ)4དང་། རྫོང(ཆུས)15 རྨོ་ཞིང་དང་རྩྭ་ཐང་མུའུ་ཁྲི་53.12བཅས་ཀྱི་ཆུ་ལོག་གནོད་འཚེ་འགོག་ཐུབ་རྒྱུ་རེད།