མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཚོང་འདུས་སྐབས་བརྒྱད་པ་འགོ་ཚུགས་པ།
ཉེ་དུས། “འཛད་སྤྱོད་ལ་སྐུལ་འདེད་དང་དཔལ་འབྱོར་བརྟན་དུ་གཏོང་དགོས”པ་བརྗོད་དོན་གཙོ་བོར་བྱས་པའི་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཀྱི་ཚོང་འདུས་སྐབས་བརྒྱད་པ་དངོས་སུ་འགོ་ཚུགས་པ་རེད། ད་རེས་ཀྱི་ཚོང་འདུས་ལ་རྫོང་ཁག་གི་ཞིང་ཕྱུགས་ཐོན་རྫས་ཚོང་ཁུལ་དང་། རྫོང་ཁག་སོ་སོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ། ཁེ་ལས་ཀྱི་བྲིན་ཚོང་དྲིལ་བསྒྲགས་ཁུལ། སྲིད་ཇུས་དྲིལ་བསྒྲགས་ཞབས་ཞུ་ཁུལ་བཅས་ཁུལ་བཞི་བཙུགས་ཡོད།
འདི་ནི་རུ་ཐོག་རྫོང་འགྲེམས་ཚོང་ཁུལ་དུ་ལས་དོན་པས་ཁྱད་ལྡན་ཐོན་རྫས་གཤོམ་བཞིན་པ།
འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཚགས་ཤ་དང་ལུག་ཤ་ཉོ་བཞིན་པ།