ནགས་ཚལ་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭར་སྤེལ་བ།
འདི་ནི་མེ་གསོད་རུ་མིས་སློབ་མར་མེ་གསོད་ཡོ་བྱད་བེད་སྤྱོད་གཏོང་སྟངས་བསླབ་བཞིན་པ།
བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
དབྱར་གསེང་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་དམིགས་བསལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་བབ་ལ་དམིགས་ཏེ། སློབ་མར་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་ཁྱིམ་གཞིས་མཉམ་སྐྲུན་གྱི་གོམས་གཤིས་ཡག་པོ་འཇགས་ཆེད། ཉེ་ཆར་ཉིང་ཁྲི་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་དང་། སྤྱི་བདེ་ཅུས། སློབ་གསོ་ཅུས་བཅས་དང་མཉམ་དུ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་་བསྐྱོད་དེ། “ཏང་འཛུགས་སྐྱོང་གིས་སྣེ་འདྲེན་བྱས་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ། མེ་ཟོན་དྲིལ་བསྒྲགས་ཡག་པོ་བྱས་ནས་ལེའུ་གསར་རྩོམ”ཞེས་པའི་བརྗོད་དོན་གཙོ་བོའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭར་སྤེལ་བ་རེད།