དབུ་ཤོག>ཁྲིམས་ལུགས།
  • མི་མང་ཁྱུ་སྒྲིག་གིས་རྒྱག་རེས་རྒྱག་པ་སོགས་ཀྱི་གྱོད་གཞིར་ཞིབ་བཤེར་མཐར་ཕྱིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-09

    9da885fc-ea89-4420-854b-9bee2f0bb2d9.jpg.jpg

    འདི་ནི་བྱ་སྤྱོད་སྤེལ་ཡུལ་ཡིན་པ།

    དབྱར་དུས་བདེ་འཇགས་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”ཁྲོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མིག་སྔའི་བདེ་འཇགས་བརྟན་ལྷིང་གི་དུས་བབ་དང་དབྱར་དུས་བདེ་སྲུང་གི་ལས་ཀའི་ཁྱད་ཆོས་ལ་དམིགས་ཏེ། གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱབ་ཁོངས་ཡོངས་དང་། ཕྱོགས་ཡོངས། གོ་རིམ་ཧྲིལ་པོ་བཅས་ལ་སྤྱི་འདོམས་ཀྱིས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་སྟེ། སྤྱི་ཚོགས་བདེ་འཇགས་ཀྱི་ཟང་ཟིང་གནས་ཚུལ་བཅོས་སྒྲིག་ནན་པོ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་འགག་སྒྲོལ་གཙང་སེལ་བྱས་ཤིང་། ཡུལ་བབ་དང་དོན་དངོས་ལ་བསྟུན་ནས་ཐབས་ཇུས་བཏོན་ཏེ། “ཉིན་བརྒྱའི་བྱ་སྤྱོད”ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

    “ཉིན་བརྒྱའི་བྱ་སྤྱོད”སྤེལ་ཚུན། ལྷ་སའི་སྤྱི་བདེས་དུག་རྫས་དང་འབྲེལ་བའི་གྱོད་གཞི་ཁག་2རྩད་ཆོད་ནས་ཉེས་གསོག་དོགས་ཅན་3བཟུང་བ་དང་དུག་རྫས་སྣ་ཚོགས་ཁེ་42.03གཞུང་བཞེས་བཏང་བ་རེད། བཙན་གཡེམ་དང་འཆལ་འགྱེད་དུག་གསུམ། བསྙད་བརྐོ་ཟིང་སློང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་དབྱར་དུས་སུ་ཐོན་མང་བའི་ཁྲིམས་འགལ་ཉེས་གསོག་ལ་སོགས་གཙོར་བཟུང་ནས་རྡུང་རྡེག་བཏང་བ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞིར་མིང་སྦྱར་སྒྲུབ་སྐུལ་བྱས་པ་རེད། ཀན་ཆེ་གེ་མོ་གཏེ་པོར་བྱས་པའི་དྲ་ཐོག་ཏུ་སྨད་འཚོང་མ་ངོ་སྤྲོད་དང་སྒྲིག་འཛུགས་བྱེད་པའི་ཚོགས་པ་ཞིག་གཏོར་ནས་ཚོགས་པའི་ཁོངས་མི་8བཟུང་བ་དང་། རྒན་གསོའི་དངུལ་ཁ་བསླུས་དང་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་དུས་ཐོག་ཏུ་ཁ་བསླུས་གྱོད་གཞི་ཞིག་དུས་ཐོག་ཏུ་བཀག་འགོག་བྱས་ཏེ་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་27ཕོག་མེད་པ་རེད།

    དེ་དང་ཆབས་ཅིག“ཉིན་བརྒྱའི་བྱ་སྤྱོད”སྤེལ་ཚུན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཟང་ཟིང་བཅོས་སྒྲིག་གི་ལས་དོན་ཟམ་མི་ཆད་པར་སྤེལ་ནས་རྐུ་རྒྱག་དོགས་ཅན་20དང་འཆལ་སྤྱོད་སྤེལ་མཁན་དོགས་ཅན་12སྔ་རྗེས་སུ་འཛིན་བཟུང་བྱས་པས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། “བཟའ་བཅའ་དང་སྨན་རྫས”ཁྱབ་ཁོངས་ཀྱི་ཐོལ་བྱུང་གྱོད་གཞིའི(དོན་རྐྱེན)བརྟག་དཔྱད་ལ་ཤུགས་སྣོན་དང་དེའི་ནང་ཞུགས་ཏེ་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བཏབ་ཡོད། གྲོང་མིའི་སྡེ་ཁུལ་ཆུང་གྲས་དང་། བོགས་གཏོང་ཁང་པ། རོལ་རྩེད་ཁང་། ཇ་ཁང་། སྤྲོ་གསེང་རོལ་རྩེད་བྱ་ཡུལ་བཅས་སུ་བསྐྱོད་དེ་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གཅིག་སྡུད་ཐོག་མཐིལ་རྟོགས་གྲལ་བཤེར་བྱས་ཏེ། རྒྱན་འགྱེད་དང་དོགས་གཞི་ཡོད་པའི་ཁྲིམས་འགལ་ཉེས་གསོག་མི་སྣ་ཁག་གཅིག་ལ་གཅིག་སྡུད་ཐོག་རྡུང་རྡེག་བཏང་བ་དང་། རྒྱན་འགྱེད་རང་བཞིན་གྱི་རོལ་རྩེད་ཁང་ཁག་གཅིག་མེད་པར་བཟོས་ཤིང་། རྒྱན་འགྱེད་ལ་ཆ་རྐྱེན་བསྐྲུན་པའི་ས་ཆ་ཁག་གཅིག་ལ་ཆད་པ་བཅད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་སྤྱི་བདེས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁུངས་སྣེ་གཙོ་བོ་རེ་རེ་དང་། ལྷག་པར་དུ་མི་གཅིག་ཐེར་འདོན་ཐེངས་མང་བྱས་པ་དང་ཚོགས་པ་གཅིག་ཐེངས་མང་ཐེར་འདོན་བྱས་པར་མགྱོཌ་མྱུར་ཤན་འབྱེད་དང་། དུས་ཐོག་ཏུ་ལན་འདེབས། ཁྲིམས་ལྟར་མྱུལ་ཞིབ་བཅས་བྱས་ཏེ་རྒྱབ་ཕྱོགས་ཀྱི་ནག་ཚོགས་ཕྱོགས་གཏོགས་དང་དེའི“སྲུང་གདུགས”རྒྱབ་རྩར་རྩད་གཅོད་མཐར་ཕྱིན་བྱས་ཡོད། ལྷག་པར་དུ་མི་མང་འདུ་འཛོམས་བྱ་ཡུལ་དུ་མི་མང་ཁྱུ་སྒྲིག་གིས་རྒྱག་རེས་རྒྱག་པ་དང་། མི་མང་ཁྱུ་སྒྲིག་གིས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ། མི་མང་འདུ་འཛོམས་བྱ་ཡུལ་གྱི་སྒྲིག་ལམ་མམ་འགྲིམ་འགྲུལ་སྒྲིག་ལམ་ཟང་ཟིང་བཟོ་བ་སོགས་ཀྱི་གྱོད་གཞི་དང་། དེ་བཞིན་སློབ་གྲྭའི་ཕྱི་ནང་ངན་འབྲེལ་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་བརྙས་བཅོས་བྱེད་པ་སོགས་ཀྱི་གྱོད་གཞིར“ངེས་པར་དུ་བཞིའི”བླང་བྱ་ལྟར། ནག་ཚོགས་ཀྱི་གནད་དོན་ཡོད་མེད་དབྱེ་ཞིབ་དང་ཐག་གཅོད་བྱེད་པ་དང་ཞིབ་བཤེར་གཏིང་ཟབ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།