དབུ་ཤོག>ཁྲིམས་ལུགས།
  • ཟངས་རིའི་སྤྱི་བདེས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-09

    གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྔར་བས་ལེགས་སུ་གཏོང་བ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་གཏོང་མཁན་གྱི་ཁྲིམས་སྲུང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། འགྲིམ་འགྲུལ་སྒྲིག་ལམ་ཡག་པོ་ཡོང་བ་བཅས་ཀྱི་ཆེད་དུ། ཉེ་དུས་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་བཅོས་སྒྲིག་གི“ཚན་པ་ཆུང་ཤོས”ལ་དམ་པོར་དམིཌ་པ་དང་། མང་ཚོགས་ཀྱི“རེ་བ་ཆུང་ཤོས”དང་བསྡུར་བ། དག་ཐེར“བྱེད་ཤུགས་ཆེ་ཤོས”འདོན་པ་བཅས་བྱས་ཏེ། ཁོངས་གཏོཌ་ཁུལ་དུ་ནུས་ཤུགས་ཡོད་རྒུས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཞིང་། ཁོང་ཚོས་མྱུར་ཚད་མགྱོགས་ཤོས་དང་ཚད་གཞི་ཡག་ཤོས་ཀྱི་ཐོག་ནས། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་སྐྱོད་སྒྲིག་ལམ་ཡག་ཤོས་བཏོད་དེ། ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་ལ་འདེགས་སྐྱོར་ཟམ་མི་ཆད་པར་བྱས་ཡོད།

    ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་ཏེ། བཅོས་སྒྲིག་གི་གཙོ་གནད་དང་ཚད་བརྒལ་ས་གནད་ལ་འཁེལ་པོ་ཡོང་བར་བྱས་ཤིང་། རོང་ཤང་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ་རྫོང་ཡོངས་ཀྱི་ཤང་གསུམ་དང་གྲོང་རྡལ་གཅིག་ལ་ཁྱབ་པར་བྱས་པ་དང་། ཁོངས་གཏོགས་ཁུལ་དུ་རླངས་འཁོར་འགྲོ་སྐྱོད་བྱེད་མང་ཤོས་ཀྱི་སྦ་ནག་གྲོང་ཚོ་དང་། ཁྲོམ་མདའ་གྲོང་ཚོ། ཟངས་རི་རྫོང་གྲོང་སོགས་ཀྱི་ས་ཁོངས་བཅོས་སྒྲིག་བྱ་ཡུལ་གཙོ་བོར་གཏན་འཁེལ་བྱས་པ་མ་ཟད། གཟི་བྱིན་བླ་མཚོ་མཛེས་ལྗོངས་ཁུལ་དང་དག་པོ་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་བ་ཅུང་མང་བའི་ས་ཁོངས་སུ་བཅོས་སྒྲིག་བྱེད་རྒྱ་ཆེ་རུ་བཏང་བ་རེད། དེ་དང་ཆབས་གཅིག་འཕྲུལ་སྒུལ་མིན་པའི་འཁོར་རིགས་གཏོང་སྐབས་རྨོག་ཞྭ་གྱོན་མེད་པ་དང་། ཁྲིམས་འགལ་ངང་མི་བསྐྱོན་པ། གློག་དམར་ལས་བརྒལ་བ། འཁོར་རིགས་གང་བྱུང་དུ་འཇོག་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་རིགས་གཅིག་མཐོང་ན་དེ་ཐག་གཅོད་བྱས་ནས་བཅོས་སྒྲིག་གང་སར་ཁྱབ་པར་བྱས་ཡོད། བཅོས་སྒྲིག་བྱེད་རིང་ཕར་འགྲོ་ཚུར་འོང་བྱེད་མཁན་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཁྱོན་5000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་མང་ཚོགས་6000ལ་སློབ་གསོ་བརྒྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།