དབུ་ཤོག>ཁྲིམས་ལུགས།
  • སྐོར་སྐྱོད་སྨན་བཅོས་བྱས། དམག་དམངས་བརྩེ་དུང་ཟབ།

  •     སྤེལ་དུས།  2022-08-02

    ee0c7a8a-9a1a-42f8-809e-9f66bdb9da4e.jpg.jpg

    ཉེ་ཆར་མངའ་རིས་ས་ཁུལ་དྲག་ཆས་སྨན་བཅོས་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་ག་གེ་མོ་དང་རུ་ཆེན་ག་གེ་མོ་ལས་གྲུབ་པའི་སྨན་བཅོས་སྐོར་སྐྱོད་རུ་ཆུང་གིས་རོགས་སྐྱོར་བྱ་ཡུལ་གནམ་རུ་གྲོང་ཚོར་བསྐྱོད་ནས“དྲོ་སྐྱིད་སྦྱིན། གཅེས་སེམས་འབུལ”ཞེས་པའི་སྨན་བཅོས་སྐོར་གཡེང་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་སྐོར་གཡེང་རུ་ཆུང་གིས་ཁྲག་ཤེད་ལྟ་ཆས་དང་སྙིང་པར་འཕྲུལ་ཆས། རྒྱུན་སྤྱོད་སྨན་སྣ་ཁ་20ཙམ་འཁྱེར་ནས་འབྲོག་རར་བསྐྱོད་དེ། ན་ཚ་ལྟ་བ་དང་། ཁྲག་མངར་དང་ཁྲག་ཤེད་ལྟ་བ། སྙིང་པར་རྒྱག་པ་བཅས་བྱས་ཏེ་འབྲོག་པའི་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། ཁྲག་ཤེད་མཐོ་བ་དང་རུས་ཚིགས་ནད་གཞི་ཕོག་པའི་འབྲོག་པར་བདེ་ཐང་ཡིག་ཚགས་བཟོས་པ་དང་འབྲེལ་བཟའ་བཏུང་གི་གོམས་གཤིས་དང་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད། འདི་ནི་རྒན་རྒོན་ཞིག་ལ་ཁྲག་ཤེད་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།