དབུ་ཤོག>ཁྲིམས་ལུགས།
  • དམངས་ཕྱུག་བོད་དར་གྱི་ལེའུ་གསར་པ་མཉམ་དུ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-02

    “མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ནི་ང་ཚོའི་ལས་ཀའི‘ལས་རྗེས་དཔྱད་ཞིབ’ཅིག་ཡིན། གལ་སྲིད་བཅའ་སྡོད་བྱ་ཡུལ་གྲོང་ཚོ་ཁག་དབར་ཕན་ཚུན་གཞོགས་འདེགས་དང་འབྲེལ་མཐུད་ཧུར་ཐག་ཐུབ་ཚེ། 1+1>2ཀྱི་ཕན་འབྲས་ཐོན་སྲིད” ཉིན་ཤས་གོང་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁག་བཅུ་གཅིག་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་ཏང་ཨུད་དང་། གྲོང་རྡལ་སྲིད་གཞུང་། གྲོང་སྡོད་ལས་དོན་རུ་ཁག་ཁག་དང་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་དམངས་ཆེད་བྱ་བ་སྒྲུབ་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

    “རོགས་སྐྱོར་བྱ་ཐབས”

    སྔར་བས་ལེགས་སུ་ཕྱིན་པ།

    གྲོང་སྡོད་ལས་དོན་སྤེལ་བར་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས“གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ”དང་ཟླ་རེར་དུས་བཀག་ནང་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་ཞབས་ཞུ་དང་། གཉེན་ཉེའི་བརྩེ་སེམས་ཞབས་ཞུ། བདེ་ཐང་དོ་ཁུར་ཞབས་ཞུ་སོགས་ཧུར་ཐག་བྱས་པ་རེད། སྔོ་ཚལ་དང་། བཟའ་འབྲུ། སྣུམ་བཅས་འཚོང་མཁན་དང་འབྲེལ་གཏུག་བྱས་ནས“གཅེས་སེམས་སྔོ་ཚལ”མཁོ་འདོན་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། མང་ཚོགས་ལ་རྒྱུན་སྤྱོད་སྨན་ཉོ་བར་རོགས་རམ་བྱ་ཆེད་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ཡོད།

    ད་ལོ་ནས་བཟུང་གྲོང་སྡོད་ལས་དོན་རུ་ཁག་གི་མི་དམངས་ཉེན་རྟོག་པས་རང་འགུལ་ངང་ཞལ་འདེབས་བརྒྱབ་པ་དང་བརྩོན་ལེན་ཧུར་ཐག་བྱས་པའི་བཟའ་བཅའ་དང་། སྨན་རྫས། སློབ་སྦྱོང་ཡོ་ཆས། འཚོ་བའི་མཁོ་ཆས། འོ་རྩམ། ཆུ་གཙང་ཆས་སོགས་གཅེས་སེམས་དངོས་ཟོག་2000ལྷག་ཙམ་ཟིན་གྱི་ཡོད་པ་དང་། རིམ་རྩིས་བྱས་ན་ཞལ་འདེབས་རྒྱག་པའི་བྱེད་སྒོ་ཐེངས་19སྤེལ་བ་དང་ཞལ་འདེབས་དངོས་ཟོག་གི་རིན་ཐང་སྒོར་ཁྲི་63ལྷག་ཟིན་གྱི་ཡོད་པ་རེད།

    “རིག་གནས་མཉམ་སྤྱོད”

    རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།

    གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡིག་རིགས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་། གྲོང་སྡོད་ལས་བྱེད་པ་ནས་འགོ་བཙུགས་ཏེ“གྲོང་ཚོའི་ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ཏང་ཡོན་མང་ཚོགས། ལྷག་པར་དུ་ན་གཞོན་ཚོ་གསོ་སྦྱོང་ནང་བཅུག་པ་མ་ཟད། “རྒྱུན་གཏན་གྱི་རང་སྦྱོང་དང་མཉམ་སྡེབ་སློབ་སྦྱོང”ཟུང་འབྲེལ་གྱི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། གསོ་སྦྱོང་ལ་ཞུགས་མཁན་སློབ་མའི་སྐད་ཡིག་གི་ཆུ་ཚད་གཞིར་བཟུང། “གཅིག་གཏད་གཅིག”དང“གཅིག་གཏད་མང”སོགས་ཀྱི་རྣམ་པའི་སློབ་ཁྲིད་བྱས་པ་དང་རང་རང་སོ་སོར་འཚམ་པའི་སློབ་སྦྱོང་གི་རེའུ་མིག་ཀྱང་བཟོས་པ་རེད། ཀློག་སྟངས་སློབ་པ་དང་། ཕན་ཚུན་བགྲོ་གླེང་བྱེད་དུ་འཇུག་པ། ཚོད་ལྟའི་ཡིག་རྒྱུགས་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་གྲོང་ཚོའི་ལས་བྱེད་པའི་ཉན་པ་དང་། འབྲི་བ། བརྗོད་པ་བཅས་ཀྱི་ནུས་པར་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱས་པས། ཁོང་ཚོའི་སྐད་ཡིག་གི་ཆུ་ཚད་དང་དེང་སྐབས་སྤྱི་ཚོགས་ནང་ཞུགས་པའི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད་ལ། སྐད་བརྡ་འཕྲོད་ཚེ་རིག་གནས་མཉམ་འདྲེས་ཀྱི་ལས་དོན་སྤེལ་བའང་བདེ་རུ་ཕྱིན་པ་རེད།

    “ཕྱུག་འགྱུར་གྱི་གླུ་དབྱངས”

    ཡུལ་ཕྱོགས་གང་སར་ཁྱབ་པ།

    གྲོང་སྡོད་ལས་དོན་རུ་ཁག་གིས“དུད་ཚང་གཅིག་ལ་ཡིག་ཚཌ་གཅིག་དང་དུད་ཚང་གཅིག་ལ་སྲིད་ཇུས་གཅིག”གི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ས་གནས་དེ་གའི་མང་ཚོགས་ཚོའི་ཁྱིམ་གྱི་མི་འབོར་དང་། ཐོན་ཁུངས། ངལ་ནུས། རྩལ་ནུས་ལག་རྩལ་སོགས་ཀྱི་གནས་ཚུལ་གྲལ་བཤེར་གཏིང་ཟབ་བྱས་ནས་འཛད་སྤྱོད་རོགས་སྐྱོར་དང་། ཆ་སྒྲིག་རོགས་སྐྱོར། ལས་ཞུགས་འབྲེལ་གཏུག་སོགས་ཀྱི་བྱ་ཐབས་བཏོན་ནས་རོགས་སྐྱོར་བྱ་ཐབས་གནད་འཁེལ་ཡོང་བའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4པ་ནས་བཟུང་གྲོང་སྡོད་ལས་དོན་རུ་ཁག་གིས་མཉམ་ལས་ཁང་ལ་བཅར་འདྲི་ཐེངས་13བྱས་པ་དང་ཤང་སྲིད་གཞུང་དང་། མངགས་གཏོང་ཁང་། སློབ་གྲྭ། འཕྲོད་བསྟེན་ཁང་། ཁྱིམ་མཚེས་གྲོང་སྡོད་ཚན་པ་སོགས་ལ་འཚམས་འདྲི་ཐེངས་32བྱས་ནས་མང་ཚོགས་ཀྱི་དཀའ་གནད་19བསལ་བ་དང་བྱ་བཟང་33སྒྲུབ་རོགས་བྱས་པ་མ་ཟད། སྔ་རྗེས་སུ་དྲིལ་བསྒྲགས་ལག་དེབ་9000ལྷག་ཙམ་སྤྲད་པ་དང་། དབུལ་པོ་བསྐྱར་ལོག་ལྟ་ཞིབ་ཚད་ལེན་ཐོ་འགོད་རེའུ་མིག་3000ལེགས་གྲུབ་བྱས་པ། སྲིད་ཇུས་དྲིལ་བསྒྲགས་ཐེངས་17བཅས་བྱས་ནས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་གིས་དབུལ་སྐྱོར་སྲིད་ཇུས་ཤེས་རྟོགས་བྱེད་ཚད་100%ཟིན་པའི་འགན་ལེན་བྱས་པ་དང་། ཆ་རྐྱེན་འཛོམས་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་གིས་སྲིད་ཇུས་ལོངས་སྤྱོད་བྱེད་ཚད་100%ཟིན་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།