མངགས་སྐྱེལ་པར་ནགས་ཚལ་མེ་ཟོན་གྱི་རྩལ་ནུས་གསོ་སྦྱོང་བྱས་པ།
བཅའ་སྡོད་ཁུལ་གྱི་རམ་འདེགས་སྟོབས་ཤུགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་ཆེད་ལས་ཤེས་བྱ་དང་རྩལ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷོ་ཁར་བཅའ་སྡོད་ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་ཡན་ལག་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་ཚན་རྩལ་རིག་གནས་ལྟེ་གནས་སུ་ལྷོ་ཁ་གྲོང་ཁྱེར་གྱི་མོས་ཚོགས་ཀྱི་མངགས་སྐྱེལ་པར་དུས་ཐེངས་དང་པོའི་ནགས་ཚལ་མེ་ཟོན་རྩལ་ནུས་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ཐོག་གཅིག་སྡུད་སྒྲིག་འཛུགས་དང་། རིམ་དབྱེ་ལག་བསྟར། བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བཅས་ཀྱི་བྱེད་ཐབས་སྤྱད་དེ་གཙོ་བོ་ནགས་ཚལ་མེ་ཟོན་གྱི་རིགས་པའི་གཞུང་ལུགས་དང་། མེ་གསོད་བདེ་འཇགས། སྒྲིག་ཆས་བཀོལ་སྤྱོད། ཛ་དྲག་གི་ཉེན་གཡོལ་སློབ་ཚན་བཅས་གསོ་སྦྱོང་བྱས་ནས་ས་གནས་ཀྱི་མེ་ཟོན་དྲིལ་བསྒྲགས་པའི་ཆེད་ལས་ཀྱི་རྩལ་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་མོས་ཚོགས་ཀྱི་མངགས་སྐྱེལ་པས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་བདེ་འཇགས་ཀྱི“དྲིལ་བསྒྲགས་པ་དང་། ཁྲིད་སྟོན་པ། དྲན་སྐུལ་པ། ལྟ་སྐུལ་པ”བཅས་ཀྱི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་བཏང་བ་རེད།