དབུ་ཤོག>ཁྲིམས་ལུགས།
  • “ཉིན་བརྒྱའི་བྱ་སྤྱོད”མྱུར་དུ་སྤེལ། མངོན་གསལ་དོད་པའི་གྲུབ་འབྲས་ཐོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-02

    9291e402-f29a-4073-be45-f15cd5d227fd.jpg.jpg

    སྟེང་ཆེན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་ཁ་ལོ་བར་རླངས་འཁོར་བདེ་འཇགས་ངང་གཏོང་དགོས་པའི་དྲན་སྐུལ་བྱེད་བཞིན་པ།

    དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”སྤེལ་ཚུན། ཆབ་མདོ་སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་དེའི་དབྱར་དུས་བདེ་འཇགས་བཅོས་སྐྱོང་གི་ཁྱད་ཆོས་དང་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ངོས་ཀྱི་སྔོན་འགོག་ཚོད་འཛིན་དུས་བབ་དང་ཟུང་འབྲེལ་བྱས་ཏེ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། འགན་འཁྲི་སྒྲུབ་སེམས་དང་ལས་འགན་འཁུར་སེམས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་བདེ་འཇགས་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    A བླང་བྱ་ནན་པོ་བཏོན་ནས་སྤྱི་ཡོངས་ཀྱི་དུས་བབ་འགན་ལེན་བྱས་པ།

    “ཉིན་བརྒྱའི་བྱ་སྤྱོད”སྤེལ་ཚུན། སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་2022ལོའི་མེ་མདའ་དང་འབར་མདེལ་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱེད་པའི་རྫོང་རིམ་པའི་མཉམ་ཞུགས་ཚོགས་འདུ་འཕྲལ་དུ་འཚོགས་པ་དང་། གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་སྣུམ་སྣོན་ས་ཚིཌ་དང་། རྡོ་སྣུམ་གཤེར་འགྱུར་སོལ་རླངས་ས་ཚུགས། རྫས་འགྱུར་བཟོ་ལས་ཀྱི་མཁོ་ཆས། དམངས་སྤྱོད་འབར་རྫས་ཁེ་ལས་སོགས་ལ་ལྟ་སྐུལ་ཞིབ་བཤེར་མཐིལ་ཕྱིན་བྱས་པ་དང་རིམ་དབྱེ་རིགས་དབྱེའི་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱས་རྗེས། བདེ་འཇཌ་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་བསྡོམས་7ཤེས་རྟོགས་བྱུང་བ་དང་འབྲེལ་ཚང་མ་བཅོས་སྒྲིག་བྱས་པ་རེད།

    B མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཤུགས་ཆེན་བྱས་པ།

    “ཉིན་བརྒྱའི་བྱ་སྤྱོད”སྤེལ་ཚུན། སྟེང་ཆེན་རྫོང་གིས“ཁྲིམས་འགལ་ངང་མེ་མདའ་དང་མདེའུ་ཉར་བ”དང“བཀག་སྡོམ་བྱས་པའི་གྲི་ཁྲིམས་འགལ་ངང་ཉར་བ” “རྐུ་འཕྲོག་བསླུ་གསུམ” “འཆལ་རྒྱན་དུག་གསུམ” “བརྙས་རྐོ་ཟིང་སློང” “མི་མང་དཔུང་སྒྲིལ་གྱིས་རྒྱབ་འདྲེ་རྒྱག་པ”སོགས་རྒྱུན་མཐོང་གི་ཁྲིམས་འགལ་ཉེས་གསོག་རིགས་ལ་གཙོ་གནད་དུ་དམིགས་ཏེ། ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ནས་མགྱོགས་མྱུར་མྱུལ་ཞིབ་དང་རྩད་ཆོད་ཐུབ་པ་བྱས་རྗེས། ཁྱོན་བསྡོམས་ཉེས་དོན་གྱོད་གཞི་5བདག་སྤྲོད་བྱས་པ་དང་། ཉེས་གསོག་དོགས་ཅན་1བཟུང་བ། ཞིབ་དཔྱོད་ལས་ཁུངས་ལ་མི་3དང་འབྲེལ་བ་ཡོད་པའི་གྱོད་གཞི་1ཞིབ་བཤེར་བྱེད་པར་བསྐྱལ་བ་མ་ཟད་མི་1བཟུང་བ་རེད། བདེ་འཇགས་ཀྱི་གྱོད་གཞི་ཁག་13བདག་སྤྲོད་བྱས་པ་དང་། གྱོད་གཞི་7གྱོད་ཐག་བཅད་པ། གྱོད་གཞི་6སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་གྱོད་གཞི་25ཐོ་འགོད་བྱས་པ་དང་། གྱོད་གཞི་24ཐག་བཅད་པ། ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་2ཞིབ་བཤེར་ཐག་གཅོད་བྱས་པ། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་གཞན་དག་112ཡོ་བསྲང་བྱས་པ་རེད། རིགས་ཁག་གི་ཉེས་གསོག་དོགས་ཅན་166བཟུང་བ་དང་། སྤྱི་བདེ་པུས་འཛིན་བཟུང་བཀའ་རྒྱ་བཏང་བའི་བྲོས་བྱོལ་ཉེས་ཅན་1བཟུང་བ་རེད། མེ་མདའ་9དང་། མདེའུ300 མེ་འདྲེན་སྦུ་གུ356བཅས་གཞུང་བཞེས་བཏང་བ་དང་། སིལ་བླུགས་སྣུམ་ཟོམ་20རྩད་ཆོད་པར་ཀུང་ཧྲེང་4250ཡོད་པ་རེད།

    C སྔོན་འགོག་ཚོད་འཛིན་མ་ལག་ཕྱོགས་ཡོངས་ནས་བརྟན་པོ་བཙུགས་པ།

    གོས་དར་6དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་1ནི་མང་ཚོགས་ཀྱིས་ཉེན་རྟོག་པའི་ལས་ཀར་གདེང་འཇོག་བྱས་པའི་མཚོན་ཚུལ་ཡག་ཤོས་ཤིག་རེད། ཆབ་མདོའི་གྲོང་ཁྱེར་དང་རྫོང་གི་སྤྱི་བདེས་མཉམ་འབྲེལ་ཐོག་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཤམ་སྐྱོད་མི་དམངས་ཉེན་རྟོག་པ་27གྱིས་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པར་གཞོགས་འདེགས་དམ་ཟབ་བྱས་རྗེས། ཨར་ཁང་དང་། ནང་མ་ཁང་། KTV རྐང་པ་འཁྲུད་ས། མཚན་ལྟོ་ཟ་ས་སོགས་མཚན་གུང་མི་ཚོགས་སྟུག་སར་བདེ་འཇགས་གཙང་བཤེར་ཐེངས་25བྱས་པ་དང་། ལས་དུས་ཐོ་རེངས་ཆུ་ཚོད་4པ་བར་རིང་དུ་བཏང་བ། ཉེན་ཟོན་སྐོར་གཡེང་མང་དུ་བཏང་བ་མ་ཟད། གྲོང་ཁུལ་གྱི་གཙོ་གནད་ཚན་པ་དང་། གྲོང་མིའི་ཁུལ་ཆུང་། གཉིས་ལྡན་དུད་སྦྲེལ་སོགས་བདེ་འཇགས་མཉམ་འགོག་གི་སྟོབས་ཤུགས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། གཙོ་གནད་དུས་མཚམས་དང་འཚུབ་ཆ་ཆེ་བའི་ས་གནས་ཀྱི་ཉེན་ཟོན་སྐོར་གཡེང་ལས་དོན་ལ་ཟམ་མི་ཆད་པར་ཤུཌ་སྣོན་བརྒྱབ་སྟེ། འགལ་ཟླ་དང་རྩོད་གཞི་ཁག་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་ཉེ་སར་ལམ་སེང་ཐག་གཅོད་ཐུབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།