དབུ་ཤོག>ཁྲིམས་ལུགས།
  • མང་ཚོགས་གཉེན་ཉེར་བརྩི་མཁན་གྱི་མི་དམངས་ཉེན་རྟོག་པ“241054”ལ་ཐུགས་རྗེ་ཆེ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-02

    5a6d475e-9e97-45b9-a23c-f93db76dfacf.jpg.jpg

    འདི་ནི་མི་དམངས་ཉེན་རྟོག་པ་དང་སྦག་སྦག་བཏང་ནས་ཡུལ་སྐོར་ལ་ཡོང་མཁན་གྱི་མཉམ་པར་ཡིན་པ།

    0de5b636-c695-44f1-9009-4f775193ecc5.jpg.jpg

    འདི་ནི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བའི་སྦག་སྦག་འབུད་རྒྱག་གཏོང་རོགས་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གཞུང་དྲ་ཚུགས་ཐོག་སྦག་སྦག་བཏང་ནས་ཡུལ་སྐོར་ལ་ཡོང་མཁན་གྱི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཅིག་འབྱོར་བ་དང་། ཐུགས་རྗེ་ཆེ་ཞུ་ཡུལ་ནི་ཉེན་རྟོག་ཨང་རྟགས“241054”གི་མི་དམངས་ཉེན་རྟོག་པ་རེད།

    ཁོང་ནི་ཁང་དམར་རྫོང་སྤྱི་བདེ་ཅུས་ཆབ་སྲིད་ལས་དོན་སྒྲིག་བཤེར་ཁང(ཉེན་རྟོག་ལས་དོན་ལྟ་ཞིབ་རུ་ཆེན)གི་རིམ་པ་བཞི་པའི་ཉེན་རྟོག་དཔོན་བློ་བཟང་རེད། ང་ཚོས་བློ་བཟང་བཙལ་རྗེས་གཞི་ནས་དོན་དེའི་འབྱུང་ལུགས་འབྱུང་སྟངས་ཞིབ་ཕྲ་ཤེས་རྟོགས་ཐུབ་བྱུང་།

    ཟླ་6ཚེས་13ཉིན་གྱི་དགོང་མོའི་ཆུ་ཚོད་7པ་ཙམ་ལ། བློ་བཟང་དང་གཡོ་ནག་ལས་སྒྲུབ་ས་ཚིགས་ཀྱི་ལས་དོན་པས་རྒྱུན་གཏན་ལྟར་ལས་ཀ་བྱེད་རིང་ས་ཚིགས་སུ་སི་ཁྲོན་ནས་སྦག་སྦག་བཏང་སྟེ་ཡོང་བའི་ཡུལ་སྐོར་བ་5འབྱོར་བ་རེད།

    སྐད་ཆ་དྲིས་པ་བརྒྱུད། ཁོང་ཚོ་ནི་དེ་ཉིན་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ནས་ལམ་ཆུང་བརྒྱུད་གཞིས་རྩེར་ཡོང་བ་དང་། ཁོང་ཚོས་ལམ་རྒྱུས་མེད་པའི་རྐྱེན་གྱིས་སྦག་སྦག་གཅིག་སྟབས་མ་ལེགས་པར་འཁྱགས་ཆུའི་ནང་ལྷུངས་། མི་ལྔ་པོས་ཆུའི་ནང་ནས་སྦག་སྦག་མཉམ་དུ་བཏོན་པས་ལུས་པོ་ཚང་མ་རློན་པར་གྱུར་ཡོད་པ་དང་། གཞན་ཡང་སྦག་སྦག་ཞིག་གི་མདུན་གྱི་འཁོར་ལོ་ནས་ཕུ་ཤོར་བ་མ་ཟད། སླ་ང་ཀྱོག་ཀྱོག་ཆགས་ཡོད། མི་5པོ་དེ་དག་བོད་དུ་འབྱོར་ནས་དུས་ཡུན་རིང་པོ་ཕྱིན་མེད་པས་ལ་དུག་ཚབས་ཆེན་ཕོག་པ་དང་། བརྒྱུད་མྱོང་བའི་ལམ་ཆུང་ནི་ཧ་ལམ་མི་མེད་ལུང་སྟོང་ཡིན་པ། ལམ་རྒྱུད་དུ་ལག་ཐོགས་ཁ་པར་ལ་བརྡ་རྟགས་མེད་པ་བཅས་འགལ་རྐྱེན་མང་པོ་འཕྲད་མཐར་གཡོ་ནག་ལས་སྒྲུབ་ས་ཚིགས་སུ་འབྱོར་བ་རེད།

    སྐབས་དེ་དུས་མི་ལྔ་པོ་བཟོ་ལྟ་རྦད་དེ་ཤོར་ཡོད་པས་བློ་བཟང་དང་ལས་དོན་མི་སྣས་ཁོང་ཚོ་ལས་སྒྲུབ་ས་ཚིགས་ཀྱི་ལས་རེས་ཁང་དུ་ངལ་གསོ་རྒྱག་པར་ཁྲིད་ནས་གསོ་རླུང་རྔུབ་ཏུ་བཅུག་པ་དང་འོ་ཇ་སྦངས་ནས་ཁོ་ཚོར་སྟེར་བ་མ་ཟད། སྟོད་ཐུང་དང་ཀམ་པ་ལི་གཡར་ཡོད། ཁོང་ཚོར་ཉིན་གང་ཁ་ལག་རག་མེད་པ་ཤེས་རྗེས་ལས་དོན་མི་སྣས་རང་གི་དགོང་ཟས་ཁོ་ཚོར་སྤྲས་པ་རེད། ཡུལ་སྐོར་བ་ལྔ་པོས་མྱོང་ཚོར་ཟབ་མོའི་ངང“དེ་ནི་ང་ཚོ་བོད་དུ་འབྱོར་རྗེས་རག་པའི་འོ་ཇ་དང་པོ་དེ་ཡིན་པས་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ཚོར་བྱུང”ཞེས་བཤད། དགོང་ཟས་ཟས་རྗེས་བློ་བཟང་གིས་ཡུལ་སྐོར་བ་ལྔ་པོ་ཞག་སྡོད་བྱེད་དུ་བཅུག་པ་དང་། ཉིན་གཉིས་པའི་ཞོགས་པ་སྔ་པོར་བློ་བཟང་དང་ལས་དོན་མི་སྣས་ཡུལ་སྐོར་བར་སྦག་སྦག་བཟོ་རོགས་དང་སྣུམ་བླུགས་རོགས་བྱས་རྗེས་ཡུལ་སྐོར་བ་5པོ་སྦག་སྦག་བཏང་སྟེ་གཡོ་ནག་ནས་ཐོན།

    “དེ་དག་ཚང་མ་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད། མི་དམངས་མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ང་ཚོ་མི་དམངས་ཉེན་རྟོག་པས་ཐབས་བརྒྱ་ཇུས་སྟོང་གིས་རོགས་པ་བྱེད་དགོས། བོད་ནི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་སའི‘ཞིང་ཁམས’ལྟ་བུ་ཞིག་ཡིན་ལ་གྲགས་ཅན་གྱི་ཡུལ་སྐོར་བྱ་ཡུལ་ཞིག་ཀྱང་ཡིན་པས། བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཚོའི་སེམས་ཁྲལ་བསལ་ནས་ཁོང་ཚོའི་གདོང་ལས་འཛུམ་མདངས་མངོན་སྐབས་ང་ཚོ་ཡང་ཧ་ཅང་དགའ་པོ་འདུག”ཅེས་བློ་བཟང་གིས་འཛུམ་དམུལ་དམུལ་ངང་ཡིད་ཆེས་ཆེན་པོས་དེ་ལྟར་བཤད།

    ཐུགས་རྗེ་ཆེ་ཞུ་བའི་ཡི་གེ

    གུས་པར་འོས་པའི་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་མཆོག་ལ་ཞུ་རྒྱུར།

    ང་ཚོ་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་སྦག་སྦག་བཞོན་ཏེ་ཡུལ་སྐོར་ལ་ཡོང་མཁན་ལྔ་པོ་དེ་དག་ཡིན། ཟླ་6ཚེས་13ཉིན་ཁང་དམར་རྫོང་བརྒྱུད་སྐབས་ལམ་རྒྱུས་མེད་པའི་རྐྱེན་གྱིས་ལམ་ནོར་ཤོར་སོང་། སྦག་སྦག་ཐེངས་མང་འདམ་ལ་ཚུད་པ་དང་། འཁྱགས་ཆུའི་ནང་ལྷུང་བ། སྦག་སྦག་ལ་སྐྱོན་ཤོར་བ། སྣུམ་ཟད་ལ་ཉེ་བ་སོགས་ཧ་ཅང་ངན་པའི་གནས་ཚུལ་མང་པོ་ཐོན་རྗེས། ཚང་མ་འཁྱགས་ལྟོགས་ཀྱིས་མནར་བའི་ཁར། སེམས་ཤུགས་རྦད་དེ་ཉམས། སྐབས་དེ་དུས་ང་ཚོ་ཁང་དམར་རྫོང་ཉིང་རུ་སྟོད་ཀྱི་གཡོ་ནག་ལས་སྒྲུབ་ས་ཚིགས་སུ་འབྱོར་བ་དང་། ལས་སྒྲུབ་ཉེན་རྟོག་དཔོན་ཨང་རྟགས་241054ཡིན་པ་ཞིག་གིས་ང་ཚོའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། སེམས་རྩ་འཁོལ་པོས་ང་ཚོ་ལས་སྒྲུབ་ས་ཚིགས་སུ་ཁྲིད་པས་ཚང་མ་དྲོ་སོབ་སོབ་བྱུང་། ང་ཚོ་ཉིན་གང་ལྟོ་ཆས་བཟས་མེད་པ་ཤེས་རྗེས། ལས་སྒྲུབ་མི་སྣས་ཁོང་ཚོ་སོ་སོའི་དགོང་ཟས་ཚང་མ་ང་ཚོར་སྟེར་ནས་རང་ཉིད་སྟབས་བདེའི་ཐུག་པ་བཟས་སོང་། ལྟོ་ཆས་བཟས་རྗེས། ཉེན་རྟོག་ཨང་རྟགས་241054བྱས་པའི་ཉེན་རྟོག་དཔོན་གྱིས་ཡང་ལས་དོན་མི་སྣ་དང་མཐུན་སྦྱོར་གང་ཐུབ་བྱས་ཏེ་ང་ཚོའི་སྦག་སྦག་ཉམས་བཟོ་དང་སྣུམ་བླུག་རོགས་བྱས་པས། ང་ཚོ་བདེ་འཇགས་ངང་རྫོང་དུ་ལོག་ཐུབ་བྱུང་། ང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་བྱུང་ལ་ཏང་རྟགས་ཁོང་ཚོའི་ལུས་སྟེང་དུ་འོད་སྟོང་འབར་ལ་ལྟར་སྣང་། ང་ཡང་གུང་ཁྲན་ཏང་ཡོན་ཞིག་ཡིན། ང་ཚོ་དང་བསྡུར་ན། ཁོང་ཚོ་ནི་ས་བབ་མཐོ་ཚད་སྨི་4800ཟིན་པའི་ལས་ཀའི་ཆ་རྐྱེན་དང་རང་བྱུང་ཁོར་ཡུག་ཞན་པའི་ཁང་དམར་རྫོང་ཉིང་རུ་སྟོད་ཤང་གཡོ་ནག་ལས་སྒྲུབ་ས་ཚིགས་སུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་བ་མ་ཟད། ལས་དོན་རེ་རེའི་ཁྲོད་དུ་དོན་འཁྱོལ་ཡང་བྱེད་ཀྱིན་འདུག་མོད། འོན་ཀྱང་ད་བར་ང་ཚོས་ཁོང་ཚོའི་མིང་ཡང་ཤེས་ཀྱི་མེད། དེ་ལས་ང་ཚོ་ལྔ་པོ་དང་ཁོང་ཚོའི་བར་གྱི་ཧེ་བག་མཐོང་བྱུང་ལ་སློབ་སྦྱོང་བྱེད་འོས་པའི་མིག་དཔེའང་ཆགས་སོང་། ང་ཚོ་ལྔ་པོ་ནང་ལ་ལོག་རྗེས། ཁང་དམར་རྫོང་གི་ཉིང་རུ་སྟོད་ཤང་གཡོ་ནག་ལས་སྒྲུབ་ས་ཚིགས་ལ་སློབ་སྦྱོང་བྱས་ནས་སྔོན་ཐོན་ལ་མིག་དཔེ་ལྟ་བ་དང་ལས་དོན་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་བསམ་ཚུལ་གཅིག་མཐུན་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།