དབུ་ཤོག>ཁྲིམས་ལུགས།
  • མཐའ་མཚམས་འགག་སྒོར་ལང་ཚོ་སྐྱེས་སུ་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    614ce4ee-9aed-44c2-a854-c4c56437d2d1.jpg.jpg

    འདི་ནི་ཀླུ་ཞར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དུད་ཚང་དུ་འཚམས་འདྲི་བྱེད་བཞིན་པ།

    ཕ་ཡུལ་དང་བྲལ་བའི་མི་ཚོགས་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་ཚོ་མེས་རྒྱལ་གྱི་བདེ་འཇགས་སྲུང་བའི་ཆེད་ཐག་རིང་དུ་འགྲོ་གི་ཡོད་ལ། ཁོང་ཚོས་འགན་འཁྲི་ལེགས་སྒྲུབ་དང་ཐོག་མའི་བསམ་འདུན་འགྲུབ་ཆེད་ཉིན་མཚན་དབྱེར་མེད་དུ་འཁོར་ཞག་མེད་པར་རེས་མོས་ལས་སྒྲུབ་བྱེད་བཞིན་ཡོད། ཁོང་ཚོས་ལང་ཚོའི་གསོན་ཤུགས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་བརྟན་པོར་སྲུང་བཞིན་ཡོད།

    དྲིལ་བུའི་སྒྲ་གྲགས་པ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཀླུ་ཞར་མཐའ་མཚམས་མངགས་གཏོང་ཁང་གི་གཟའ་འཁོར་གཅིག་གི་ཚོགས་འདུའི་རྩིས་སྤྲོད་རྩིས་ལེན་ལས་དོན་སྤེལ་འགོ་ཚུགས།

    ཆུ་ཚོད་9པ་ཡོལ་མ་ཐག་མི་དམངས་ཉེན་རྟོག་པ་མཱ་ཕེང་ཁྲེང་གི་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས་ཤིང་། དེ་རིང་མངགས་གཏོང་ཁང་དུ་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་དང་པོ་ནི་གཏམ་སྙན་གྲོང་ཚོའི་རྡོ་རྗེ་རེད། ཁོང་ནི་སློབ་གྲྭར་འགྲོ་བའི་ཆབ་སྲིད་ཞིབ་བཤེར་གྱི་ངོ་སྤྲོད་གཉེར་བར་ཡོང་ཡོད། སྐར་མ་ཁ་ཤས་ལས་མ་འགོར་བར་མཱ་ཕེང་ཁྲེང་གིས་ལག་འཁྱེར་ལ་ཞིབ་བཤེར་བྱས་རྗེས་ཁོང་ལ་ལས་སྒོ་གཉེར་རོགས་བྱས།

    ཞོགས་པའི་ཉི་ཟེར་འཕྲོས་མ་ཐག་མི་དམངས་ཉེན་རྟོག་པ་མཱ་ཕེང་ཁྲེང་ཁོངས་གཏོགས་གྲོང་མིའི་ཁྱིམ་དུ་འཚམས་འདྲིར་བསྐྱོད་པ་དང་། དེ་ནི་རྒྱུན་ལྡན་གྱི་ལས་ཀའི་ནད་དོན་གལ་ཆེན་ཞིག་རེད།

    གཏམ་སྙན་ཤང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཤང་ཞིག་རེད། མི་དམངས་ཉེན་རྟོག་པ་ཅུང་ཐག་རིང་བའི་ཡུལ་མིའི་ཁྱིམ་དུ་སྐྱོད་དགོས་ན་སྐར་མ་བཞི་བཅུ་ལྔ་བཅུ་ཙམ་འགོར་གྱི་ཡོད། དེ་རིང་མཱ་ཕེང་ཁྲེང་འཚམས་འདྲིར་སྐྱོད་ས་ནི་མངགས་གཏོང་ཁང་ནས་སྐར་མ་ཉི་ཤུ་ལྷག་ཙམ་ལས་མི་འགོར་བའི་གཏམ་སྙན་ཤང་གྲོང་ཚོ་གཉིས་པ་རེད།

    “ཉེན་རྟོག་དཔོན་ལགས། ངས་སེམས་ཁྲལ་བྱེད་བཞིན་ཡོད། ཁྱེད་རང་སྐབས་ཡག་པོ་ཞིག་ལ་ཕེབས་བྱུང་། ང་ཚོར་ཁང་པ་རྙིང་པ་ཞིག་ཡོད་པ་དེ་ཉེ་ཆར་གླ་མཁན་འདུག ཡིན་ནའང་ཁྱེད་རང་གིས་ཤེས་གསལ་ལྟར་ང་ཞིང་པ་རྒད་པོ་ཞིག་གིས་ཡི་གེ་ཡག་པོ་ཤེས་ཀྱི་མེད་པས། ཕ་རོལ་པོས་བྲིས་པའི་གན་རྒྱ་དེ་འགྲིག་མིན་ཤེས་ཀྱི་མི་འདུག ཁྱེད་ཀྱིས་ང་ལ་གཟིགས་རོགས་གནང་དང”ཞེས་རླངས་འཁོར་ནས་བབས་མ་ཐག་གྲོང་ཚོའི་ནང་གི་རྒད་པོ་བཀྲ་ཤིས་ཀྱིས་མཱ་ཕེང་ཁྲེང་བཙལ་ནས་དེ་ལྟར་བཤད།

    རྒད་པོ་བཀྲ་ཤིས་ཀྱི་དཀའ་ངལ་ཤེས་རྗེས། མཱ་ཕེང་ཁྲེང་གིས་རྒད་པོ་བཀྲ་ཤིས་ཀྱི་ཁང་པ་གླ་བའི་གན་རྒྱར་ཞིབ་པར་བལྟས་པ་ན་གན་རྒྱའི་དོན་ཚན་མི་ཉུང་བ་ཞིག་གསལ་པོ་མེད་པ་ཤེས། དེ་ནས་མཱ་ཕེང་ཁྲེང་གིས་རྒད་པོ་བཀྲ་ཤིས་ཁྲིད་དེ་གཏམ་སྙན་གྲོང་ཚོའི་ཉེན་རྟོག་ལས་དོན་ཁང་དུ་བསྐྱོད་ནས་ཁང་པ་གླ་བའི་གན་རྒྱའི་ཞིབ་ཕྲའི་ནང་དོན་ཡི་གེ་རེ་རེ་བཞིན་གསལ་པོར་བཟོས།

    “ཉེན་རྟོག་དཔོན་མཱ་ལགས་ཐུགས་རྗེ་ཆེ། ང་ལོ་ན་རྒས་པས་གཞན་གྱིས་མགོ་སྐོར་བཏང་ཡོང་སྙམ་གྱི་འདུག ཁྱེད་ཚོས་ང་ལ་གན་རྒྱ་ལྟ་རོགས་བྱས་པས་ང་བློ་བདེ་པོ་འདུག”ཅེས་རྒད་པོ་བཀྲ་ཤིས་ཀྱིས་གན་རྒྱ་རག་རྗེས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    ཉིན་དགུང་ཡོལ་རྗེས། མཱ་ཕེང་ཁྲེང་གིས་སྐོར་གཡེང་གྱོན་ཆས་ཕུད་པ་དང་། ཆུ་ཧུབ་གང་བཏུངས་མ་ཐག་གཏམ་སྙན་གྲོང་ཚོའི་ཨ་ཅག་ཆོས་སྒྲོན་ཁྱིམ་གྱི་བ་ཕྱུགས་བརླགས་འདུག་ཅེས་ཁ་པར་འབྱོར།

    ཉེས་དོན་སྙན་སེང་འབྱོར་རྗེས། མཱ་ཕེང་ཁྲེང་དང་སུའོ་ནང་གི་མི་དམངས་ཉེན་རྟོག་པ་འཕྲལ་དུ་ཨ་ཅག་ཆོས་སྒྲོན་གྱི་ཁྱིམ་དུ་བསྐྱོད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་མཱ་ཕེང་ཁྲེང་གིས་ཁག་བགོས་ཏེ། ཚོགས་ཆུང་གཅིག་གིས་གྲོང་ཚོར་གྲལ་བཤེར་འདྲི་རྩད་བྱེད་པར་བསྐྱོད་པ་དང་། ཚོགས་ཆུང་གཞན་ཞིག་གིས་སུའོ་ཡི་ལྡིར་སོ་སྤྲོས་ཆས་ནས་ཉེ་འཁོར་དུ་དོགས་ཡོད་རླངས་འཁོར་ཡོད་མེད་ལྟ་བར་འགྲོ་རྒྱུའི་ཐག་བཅད།

    ཆུ་ཚོད་3ལྷག་ཙམ་གྲལ་བཤེར་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་བ་ཕྱུགས་རྐུ་མཁན་གྱི་དོགས་ཡོད་མི་སྣ་ཞིག་རྩད་ཆོད་པ་དང་འབྲེལ། ལྡིར་སོ་སྤྲོས་ཆས་ལ་བལྟས་པ་བརྒྱུད་སྔ་དྲོའི་ཆུ་ཚོད་10དང་སྐར་མ་24ཡི་ཐོག་བ་ཕྱུགས་བླུགས་པའི་རླངས་འཁོར་དམར་པོ་ཞིག་སྲང་པ་གྲོང་ཚོའི་ཕྱོགས་སུ་བསྐྱོད་པ་ཤེས། དེ་རྗེས་མངགས་གཏོང་ཁང་གིས་འཕྲལ་མར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་སྲང་པ་གྲོང་ཚོར་བསྐྱོད་ནས་ཉེས་གསོག་དོགས་ཅན་འཛིན་བཟུང་བྱས་པ་དང་། བ་ཕྱུགས་ཨ་ཅག་ཆོས་སྒྲོན་ལ་རྩིས་སྤྲད།

    མཚན་མོའི་ཟླ་བ་ག་ལེར་མཁའ་དབྱིངས་སུ་འཕཌ་པའི་དུས་དེར། མཱ་ཕེང་ཁྲེང་དང་ལས་རོགས་ཚོས་ལས་སྒྲུབ་གྱོན་ཆས་གྱོན་ནས་ཉིན་གཅིག་གི་མཚན་མོའི་སྐོར་གཡེང་བྱེད་འགོ་ཚུགས། ཚན་པའི་ཉིན་རེའི་སྐོར་གཡེང་དུས་ཚོད་གཏན་འཁེལ་མེད་ལ། མཚམས་རེ་ནམ་ཕྱེད་མ་ཟིན་གོང་དང་མཚམས་རེ་ནམ་ཕྱེད་ཡོལ་ཙམ་ལ་ད་དུང་སྐོར་གཡེང་བྱེད་པ་རེད།

    “རང་ཁྱིམ་དྲན་བྱུང”ཞེས་ཉེན་རྟོག་པར་ཞུགས་མ་ཐག་པའི་ཚའོ་པོ་ཡོན་གྱིས་བཤད་པ་དང་། ཁོང་གི་ངོས་ནས་བརྗོད་ན་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་པ་ནི་ལས་ཀ་གསར་པ་ཞིག་ཡིན། མཚན་མོའི་ཟླ་འོད་འོག་སྐར་ཚོགས་གསལ་བའི་ནམ་མཁར་ལྟ་དུས་ཕ་ཡུལ་མི་དྲན་ཅི་ལ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།