དབུ་ཤོག>ཁྲིམས་ལུགས།
  • གདང་ལའི་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    བོད་ལྗོངས་ཀྱི“བྱང་སྒོ་ཆེན་པོར”བཅའ་སྡོད་བྱེད་མཁན་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དར་ཆར་བྱེད་པ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདོད་བློ་འདོད་བློར་འཛིན་པ་བཅས་བྱས་ནས་འགྲིམ་འགྲུལ་རུ་ཆེན་གྱི་ཏང་ཀྲི་པུའི་དཔུང་ཁག་རྦད་དེ་ལྷག་བསམ་རྣམ་དག་དང་། རྦད་དེ་དྭངས་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཡིན་པའི་འགན་ལེན་བྱས་ཡོད། ས་གནས་ཁག་ནས་ཡོང་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་མདུན་དུ་ཐོག་མཐའ་བར་གསུམ་དུ“མི་དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་མཐའ་འཁྱོངས་བྱས་ནས་མང་ཚོགས་གཉེན་ཉེར་བརྩི་བ་དང་དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཚོས་གངས་ལྗོངས་ས་མཐོའི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད།

    རྒྱལ་ལམ་109གདང་ལའི་དུམ་བུའི་ས་བབ་མཐོ་ཚད་སྨི་5200ལས་བརྒལ་བ་དང་། གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་50%ཡང་ཟིན་གྱི་མེད་པས། དེ་གར་ཡུན་རིང་ལུས་ཚེ་ས་མཐོར་མི་འཕྲོད་པར་གློ་བར་ཆུ་བསགས་པ་དང་ཀླད་པར་ཆུ་བསགས་པ་སོགས་ཀྱི་ནད་གཞི་ཐོན་ཏེ་ཚེ་སྲོག་ལ་ཉེན་ཁ་བཟོ་སླ་བར་བརྟེན་ཨ་མདོ་འགྲིམ་འགྲུལ་ཉེན་རྟོག་པས་ལམ་བཤངས་ཤར་གཏོང་འགན་ལེན་གྱི་ལས་འགན་ལྕི་པོ་འཁུར་ཡོད།

    2019ལོའི་ཟླ་2པ་དང་ཟླ་3པར། རྒྱལ་ལམ་109གདང་ལའི་དུམ་བུར་ལོ་རྒྱུས་ཐོག་མཐོང་དཀོན་པའི་གངས་བབས་པ་དང་། རྒྱུན་ལྡན་གྱི་རླུང་ཤུགས་རིམ་པ་7ནས་8བར་ཡིན་པ་དང་རླུང་ཤུགས་ཆེ་བའི་སྐབས་སུ་རིམ་པ་12ལ་སླེབས་ཡོད། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུ་ལྷག་ཙམ་ཟིན་ཞིང་། གངས་གསོག་ཚད་སྨི་1.5ཡན་ཟིན་པས་རླངས་འཁོར་འགག་པའི་གནས་ཚུལ་ཐེངས་10ལྷག་ཐོན་པ་དང་། མང་ཤོས་སྐབས་རླངས་འཁོར་600ལྷག་ཙམ་དང་མི་སྣ་1300ལྷག་ཙམ་ལུས་ཡོད།

    ཛ་དྲག་ཆེ་བའི་གནས་ཚུལ་དེ་འདྲའི་མདུན་དུ་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱི་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)རིམ་རྩིས་བྱས་ན་ཉེན་རྟོག་པ་མི་ཐེངས་3000ལྷག་ཙམ་དང་ཉེན་རྟོག་རླངས་འཁོར་ཐེངས་600ལྷག་ཙམ་བཏང་ནས་ས་བབ་མཐོ་ཚད་སྨི་5200ལྷག་ཙམ་ཟིན་པའི་གདང་ལར་སྒར་བརྒྱབ་སྟེ་ལས་ཀ་ཉིན་51བྱས་པ་རེད།

    ཉིན་51ནང་། ཁོང་ཚོས་གྱོན་ཆས་བརྗེས་མྱོང་མེད་ལ་ངོ་གདོང་བཀྲུས་མྱོང་མེད། ངལ་དུབ་ཀྱི་མནར་ཚེ་ཉེན་རྟོག་རླངས་འཁོར་ནང་ཡུད་ཙམ་ཉལ་བ་དང་ཉིན་རེར་ཆ་སྙོམས་གཉིད་ཉལ་ཚད་ཆུ་ཚོད་5ཡང་ཟིན་གྱི་མེད། དེའི་རིང་། འགྲིམ་འགྲུལ་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་དང་ས་མཐོར་མི་འཕྲོད་པའི་རྐྱེན་གྱིས་མི་ཤི་བའི་གནས་ཚུལ་གཅིག་ཀྱང་ཐོན་མེད་པས། ཨ་མདོ་རྫོང་ཁོངས་གཏོགས་ཁུལ་གྱི“བོད་ཀྱི་ཚེ་སྲོག་ལམ་ཐིག”གི་འགྲིམ་འགྲུལ་གོ་རིམ་ལྡན་པ་དང་། བདེ་འཇཌ། ཤར་བགྲོད་བཅས་ཐུབ་པའི་འགན་ལེན་བྱས་ཡོད།

    2017ལོ་ནས་བཟུང་། ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རིམ་རྩིས་བྱས་ན་ལམ་བར་དུ་ལུས་པའི་རླངས་འཁོར་ཁྲི་14ལྷག་ཙམ་བཤངས་བ་དང་མང་ཚོགས་མི་ཐེངས་1600ལྷག་ཙམ་བསྐྱབས་པར་བརྟེན། མང་ཚོགས་ཀྱིས་བསྐྱལ་བའི་གོས་དར་དང་། ཐུགས་རྗེ་ཆེ་ཞུ་བའི་ཡི་གེ འཕྲིན་ཐུང་བཅས་390ལྷག་ཙམ་ཟིན་ཡོད།

    ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ལམ་109ཤར་བགྲོད་ཐུབ་པར་བྱས་པས། རིམ་པ་ཁག་གི་འགོ་ཁྲིད་དང་མང་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཅིང་། སྔ་རྗེས་སུ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”དང་། “ཕུལ་བྱུང་ཏང་རྩ་འཛུགས” “མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་མཉམ་སྡེབ”སོགས་ཀྱི་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།