དབུ་ཤོག>ཁྲིམས་ལུགས།
  • རིན་སྤུངས་སྤྱི་བདེས་དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་གི་གྲལ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    75541e0e-d83b-4b33-8b86-ed50f8a6cf03.jpg.jpg

    འདི་ནི་མི་དམངས་ཉེན་རྟོག་པས་ཇ་ཁང་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།

    དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”སྤེལ་བའི་སྐོར་གྱི་བཀོད་སྒྲིག་དང་ལས་ཀའི་བླང་བྱ་རབ་དང་རིམ་པ་གཞིར་བཟུང་། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱི་སྡེ་ཚན་ཁག་གིས་གཅིག་གྱུར་བྱ་སྤྱོད་སྤེལ་ཏེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”སྤེལ་བ་རེད།

    “ཉིན་བརྒྱའི་བྱ་སྤྱོད”སྤེལ་རིང་། གཙོ་གནད་ས་ཁོངས་ལ་གཙང་སེལ་བྱ་སྤྱོད་སྤེལ་ཞིང་། ཁོངས་གཏོགས་ཁུལ་གྱི་ལས་རིགས་ཀྱིས་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱས་མིན་དང་། མེ་ཟོན་བདེ་འཇགས་བྱ་ཐབས་དོན་འཁྱོལ་བྱས་མིན། “འཆལ་རྒྱན་དུག་གསུམ”གྱི་གནད་དོན་ཡོད་མེད་སོགས་ལ་ཆེད་དོན་གཙང་སེལ་བྱ་སྤྱོད་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཁོར་ཡུག་གཙང་མ་བཟོས་པ་མ་ཟད། ལས་རིགས་ས་ཁོངས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཡང་དུས་ཐོག་ཏུ་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།