དབུ་ཤོག>ཁྲིམས་ལུགས།
  • ཐབས་མང་མཉམ་དུ་སྤྱད་ནས་སོལ་རླངས་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    5201f8b2-6acb-4c05-9612-9fe3ca5d259b.jpg.jpg

    མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་མི་སྣས་སོལ་རླངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།

    ཉེ་དུས། གསར་འགོད་པར་ལྷ་ས་གྲོང་ཁྱེར་མེ་ཟོན་རོཌ་སྐྱོབ་ཉིང་ལག་རུ་ཁག་ནས་ཤེས་རྟོཌ་བྱུང་བར། ཉེ་དུས་ཐོན་པའི་སོལ་རླངས་འབར་གས་ཀྱི་ལས་འཛོལ་ལ་དམིགས་ནས་ཉིང་ལག་རུ་ཁག་དེས་མཐོང་ཆེན་དང་། ཚུཌ་གནས་མཐོར་གཏོང་། བྱ་སྤྱོད་མྱུར་སྤེལ་བཅས་བྱས་ཏེ། སོལ་རླངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུཌ་ཀྱིས་ཁོངས་གཏོགས་ཁུལ་གྱི་སོལ་རླངས་སྤྱོད་ཡུལ་དུ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མ་ཉིད་དུ་གྲོང་ཁྱེར་ཡོངས་ཀྱི་སོལ་རླངས་བེད་སྤྱོད་དང་། གསོག་ཉར། གཉེར་སྐྱོང་བཅས་བྱ་ཡུལ་དུ་བསྐྱོད་དེ་སོལ་རླངས་སྒྲིག་ཆས་སྒྲིག་སྦྱོར་དང་། བེད་སྤྱོད། བདག་སྐྱོང་བཅས་ཀྱི་གནས་ཚུལ་དང་། དེ་བཞིན་ཁོངས་གཏོགས་ཁུལ་གྱི་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་གནས་ཚུལ་དང་། ཁ་འགྲེམས་བགྲོད་ལམ་ཤར་བགྲོད་ཡོད་མེད། སོལ་རླངས་སྒྲིག་འགལ་ངང་སྤྱོད་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་ཁྲིམས་འཛིན་མི་སྣས་མངོན་མེད་རྐྱེན་ངན་དག་ཐེར་གྱི་ཞིབ་ཕྲའི་དུས་བཀག་གསལ་པོ་བཟོས་པ་དང་། འགན་འཁུར་བར་ཉེ་དུས་ཐོན་པའི་ལས་འཛོལ་ལས་བསླབ་བྱ་ཡག་པོ་བླངས་ཏེ། སོལ་རླངས་བེད་སྤྱོད་ཀྱི་བདེ་འཇགས་དོ་དམ་ལ་ཤུཌ་སྣོན་བརྒྱབ་ནས། ཉེན་ཁ་གཅིག་ཀྱང་མེད་པ་དང་། མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ། “གཙང་སེལ་གསུམ་དང་གཅུས་སྒོ་རྒྱག་པ་གསུམ”གྱི་བྱ་ཐབས་དོན་འཁྱོལ་བཅས་བྱས་ནས་མེ་ཟོན་བདེ་འཇགས་འགན་ལེན་དང་མེ་སྐྱོན་གྱི་ལས་འཛོལ་མ་ཐོན་སྔོན་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། ཉིང་ལག་རུ་ཁག་གིས་མེ་ཟོན་ལྟ་སྐུལ་གྱི་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ། ཁྱོན་སྡེ་ཚན་173ལ་ཞིབ་བཤེར་བྱས་པ་བརྒྱུད། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ནམ་ཁྲིམས་འགལ་བྱེད་སྤྱོད་ཁག་199ཤེས་རྟོགས་བྱུང་བ་དང་། མངོན་མེད་རྐྱེན་ངན་གྱི་གནད་དོན་ཁག་121དག་ཐེར་ལ་སྐུལ་འདེད་བཏང་བ། སྤྱོད་མཁན་1ལ་སོལ་རླངས་སྤྱོད་མཚམས་འཇོག་དགོས་པའི་བཀའ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།