དབུ་ཤོག>ཁྲིམས་ལུགས།
  • ཁེ་ལས་སུ་བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོཌ་སྐྱོབ་ཉིང་ལག་རུ་ཁག་དང་མཉམ་དུ“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་གོ་སྐབས་སུ་བྱས་ཏེ། བོད་ལྗོངས་ཡུན་ཤང་ཁེ་ལས་ཚད་ཡོད་ཀུང་སིར་བསྐྱོད་ནས“ཁེ་ལས་སུ་བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་གི་འཆད་འཁྲིད་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་བོད་སྐྱོར་ཁྲིམས་རྩོད་པས་ཁེ་ལས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཀྱི་ལས་བཟོར་གོ་བདེ་ཤེས་སླའི་ཐོག་ནས《དམངས་དོན་ཁྲིམས་གཞུང》གི་གཙོ་གནད་དོན་ཚན་གྱི་བཅའ་ཁྲིམས་འགྲེལ་བཤད་དང་དེ་བཞིན་བཀོལ་སྤྱོད་བྱེད་སྟངས་གསལ་འགྲེལ་བྱས་པ་དང་། འབྲེལ་ཡོད་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་རེད། ས་ཆ་དངོས་སུ་སྤེལ་རེས་བྱེད་རིང་། ལས་བཟོ་ཚོས་རང་ཉིད་ལ་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་གཅིག་རྗེས་གཉིས་མཐུད་ངང་བཏོན་པར། ཁྲིམས་རྩོད་པས་ངང་རྒྱུད་རིང་པོས་རེ་རེ་བཞིན་ལ་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།