དབུ་ཤོག>ཁྲིམས་ལུགས།
  • སྙེ་མོ་རྫོང་གི་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་བཅའ་ཁྲིམས་བློ་འདྲི་ཁང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་བཅའ་ཁྲིམས་བློ་འདྲི་ཁང་གི་སྒོ་བྱང་སྙེ་མོ་རྫོང་གཞུང་སྨད་ཤང་ཧོ་དུང་གྲོང་ཚོར་བཀལ་བ་རེད། ད་ཐེངས་སྒོ་བྱང་བཀལ་བ་ནི་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི་རྒྱུན་རྣམ་ཅན་གྱི“འབྲེལ་མཐུད་བཞི་དང་འགན་ལེན་བཞིའི”ལས་ཀའི་ལམ་སྲོལ་དང“སྒྲོག་འགྲེལ་ཆེན་པོ་དང་། བརྟག་ཞིབ་ཆེན་པོ། གྲལ་བཤེར་ཆེན་པོ། དོན་འཁྱོལ་ཆེན་པོ”བཅས་ཀྱི་བྱེད་སྒོ་ལག་བསྟར་དོན་འཁྱོལ་དང་། དེ་བཞིན“ཞིབ་དཔྱོད་ཀྱིས་དམངས་ཆེད་བྱ་བ་དངོས་སྒྲུབ་པ”དང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ཀྱི་གྲས་ཤིག་རེད་ལ། སྙེ་མོ་རྫོང་བྲག་སྐོར་ཤང་བྲག་སྐོར་གྲོང་ཚོ་དང་བོང་ཁང་གྲོང་ཚོའི་ཞིབ་དཔྱོད་ཞབས་ཞུ་རྒྱ་སྐྱེད་དང་སྣུར་སྲིང་བྱས་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།