“ཞིབ་དཔྱོད་དང་ཁེ་ལས་མཉམ་སྐྲུན”གྱི་ལམ་སྲོལ་བཙུགས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ།
ཉེ་ཆར། དཔའ་ཤོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲོན་བོད་ལྕགས་ལམ་དཔའ་ཤོད་རྫོང་དུམ་བུའི་འཛུགས་སྐྲུན་ཁེ་ལས་དང་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་ཁྲོན་བོད་ལྕགས་ལམ་རྣམ་གྲངས་པུའི་ཡན་ལག་པུའུ་བཞི་པར་བསྐྱོད་ནས“ཞིབ་དཔྱོད་དང་ཁེ་ལས་མཉམ་སྐྲུན”གྱི་བྱེད་སྒོ་སྤེལ་ཞིང་། ཞིབ་དཔྱོད་ཀྱི་འགན་འཁྲི་གང་ལེགས་ཁུར་ཏེ་ཚོང་གཉེར་ལྷུ་ཚིགས་ཡག་པོ་བཏོད་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ནུས་ལྡན་ཞུས་པ་རེད།
བྱེད་སྒོ་སྤེལ་རིང་དཔའ་ཤོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས《དམངས་དོན་ཁྲིམས་གཞུང》སོགས་དེབ་དང་ཁྲིམས་ལུགས་དྲིལ་བསྒྲགས་ལག་དེབ་120ཞལ་འདེབས་བརྒྱབ་པ་རེད།
ཞིབ་དཔྱོད་དང་ཁེ་ལས་མཉམ་སྐྲུན་གྱི་གྲོས་མཐུན་ནང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁེ་ལས་དང་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྱུང་རྩ་ནས་འགོག་ཟོན་དང་བཅོས་སྒྲིག་བྱེད་པ་དང་། བྱ་ཐབས་ནུས་ལྡན་སྤྱོད་པ། ཁེ་ལས་ལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རོགས་བྱེད་པ། ནང་ཁུལ་གྱི་འགོག་ཟོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པ་དང་། ཉེན་ཟོན་སློབ་གསོ་རྒྱག་པ་དང་། ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་པ། ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་པ། ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁེ་ལས་ཀྱི་ལས་བཟོའི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་ལས་ཐོག་ཉེས་གསོག་སྔོན་འགོག་དང་བཀག་སྡོམ་བྱས་ཏེ། ཁེ་ལས་ཀྱི་ལས་བཟོས་ཁྲིམས་རྟོགས་ཁྲིམས་སྲུང་ཐུབ་པའི་འགན་ལེན་བྱེད་པ་དང་ཁེ་ལས་ཀྱིས་ལས་ཐོག་ཉེས་གསོག་གི་གྱོད་གཞི་མི་ཐོན་པ་དང་། ཉེས་དོན་གྱོད་གཞི་ཚབས་ཆེན་མི་ཐོན་པ། འགན་འཁྲིའི་ལས་འཛོལ་ཚབས་ཆེན་མི་ཐོན་པ་བཅས་ཀྱི“མི་ཐོན་པ་གསུམ”གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱེད་དགོས་ལུགས་ཁ་གསལ་བཏོན་པ་རེད།