དབུ་ཤོག>ཁྲིམས་ལུགས།
  • གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

     མི་དམངས་ཉེན་རྟོག་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རང་སྐྱོབ་རོགས་རེས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་ཆེད། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་གིས་རང་འགུལ་ངང་ལས་དོན་བསྒྲུབས་ནས་གཉའ་ནང་རྫོང་གནམ་གཤིས་ཅུས་དང་། གཉའ་ནང་འཕྲལ་སྡོམ་དོ་དམ་སྡེ་ཚན། འགྲམ་འགག་སྒོའི་སྨན་ཁང་གི་སྨན་པ་བཅས་ལ་འབྲེལ་གཏུག་ཧུར་ཐག་བྱས་ཏེ། ཉིན་ཤས་གོང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་འཆད་ཁྲིད་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་རིང་། ཐོག་མར་གཉའ་ནང་རྫོང་གནམ་གཤིས་ཅུས་ཀྱི་བློ་མཐུན་རྟ་མགྲིན་གྱིས་མི་དམངས་ཉེན་རྟོག་པ་ཡོངས་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་གནམ་གཤིས་ཀྱི་གནོད་འཚེ་དང་སྔོན་འགོག གནམ་གཤིས་གནོད་འཚེའི་སྔོན་བརྡའི་བརྡ་རྟགས་ཀྱི་སྔོན་འགོག་ཕྱོགས་སྟོན་སོགས་ཀྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཚང་མ་དང་མཉམ་དུ་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་། དེ་བཞིན་སྲོག་ཉེན་ལས་ཐར་ཐབས་སྐོར་སྤེལ་རེས་མཉམ་སྤྱོད་ཧུར་ཐག་བྱས་པ་རེད། དེ་རྗེས་གཉའ་ནང་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མ་ཀྲའོ་ཚུན་གྱིས་རང་བྱུང་གནོད་འཚེ་མ་བྱུང་གོང་གི་སྔ་ལྟས་དང་། རང་བྱུང་གནོད་འཚེ་འབྱུང་མིན་གསལ་འབྱེད། འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་སོགས་ཐད་ནས་འགྲེལ་བཤད་བརྒྱབ་པས། མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་ནུས་ལྡན་ངང་ཟབ་ཏུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།