“བོད་ཤར་རྒྱུད་ཀྱི་འགྱུར་ལྡོག་གསར་པ་རྟོགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ཏང་ཀྲི་པུའུ་ལ་ཆུ་ཁོངས་ཀྱི་རོགས་སྐྱོབ་སྒྲིག་ཆས་འགྲེམས་སྟོན་བྱེད་བཞིན་པ།
འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་དེ་གར་ཡོད་པའི་མི་སྣ་སྒྲིག་འཛུགས་བྱས་ནས་ཐག་པ་སྡོམ་སྟངས་ཉམས་ལེན་བྱེད་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག“བོད་ཤར་རྒྱུད་ཀྱི་འགྱུར་ལྡོག་གསར་པ་རྟོགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་མེ་ཟོན་རོགས་སྐྱོབ་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མར་ཆུ་ཁུར་མེ་གསོད་རླངས་འཁོར་དང་། མེ་ཟོན་ཞྭ་མོ། དམག་འཐབ་གྱོན་ཆས། གཏུབ་གཅོད་འཕྲུལ་འཁོར་སོགས་ཀྱི་སྤྱོད་གོ་དང་ནུས་པ་ངོ་སྤྲོད་བྱས་པ་དང་། གཅིག་སྡུད་ཐོག་ཡར་འཛེག་མར་འབབ་དང་ཆུ་འཐེན་སྒྲིག་ཆས་སོགས་ཀྱི་འགྲེམས་སྟོན་ལ་བལྟས་པ་དང་འབྲེལ་ཉམས་ལེན་ཡང་བྱས་པ་རེད། མཇུག་ཏུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་བརྒྱུད་ཏང་ཡོན་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་ཡོད། “མེ་ཟོན་ཤེས་རྟོགས་དང་། མེ་ཟོན་ཉམས་ལེན། ཏང་འཛུགས་སྐྱོང་སྐོར་མཉམ་དུ་གླེང་བ། འཕེལ་རྒྱས་མཉམ་དུ་དོན་གཉེར་བྱེད་པ”བཅས་བརྒྱུད་ཕྱོགས་གཉིས་པོའི་མཛའ་གྲོགས་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་། ཕུགས་འདུན་དོན་གཉེར་དང་རྒྱང་ལམ་གསར་པར་སྐྱོད་པའི་བློ་སྟོབས་འཕེལ་ནས་ཏང་གི་འཁྲུངས་སྐར་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།