དབུ་ཤོག>ཁྲིམས་ལུགས།
  • ལོ་ཆུང་བྱིས་པའི་ཏང་གི་ལོ་རྒྱུས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-27

    7dd5f51f-0710-468d-863a-bc20be84f5b5.jpg.jpg

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་101འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་གིས་སྐྱེམས་སྟོང་ཤང་སློབ་ཆུང་གི་དགེ་སློབ་སྒྲིག་འཛུགས་བྱས་ཏེ“ཉེན་རྟོག་སྒར་སའི་སྒོ་དབྱེ་ཉིན་མོར་ཏང་གི་ལོ་རྒྱུས་སྦྱོང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སྐྱེམས་སྟོང་ཤང་སློབ་ཆུང་གི་དགེ་སློབ་37གྱིས་གདན་ཞུས་ལྟར་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་དུ་ཡོང་ནས་གསར་བརྗེའི་རིག་གནས་ཁྱམས་རིང་ལ་ལྟ་སྐོར་བྱས་ཤིང་། སློབ་ཆུང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་འཁུར་མཁན་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་མའོ་ཤིན་གྱིས། དགེ་སློབ་ཚོར་ཏང་དབུ་བརྙེས་པ་ནས་དར་རྒྱས་སྟོབས་ཆེར་སོང་བའི་བར་གྱི་ལོ་རྒྱུས་གསལ་འགྲེལ་བརྒྱབ་པ་དང་། དུས་རབས་མི་འདྲ་བར་གསར་བརྗེའི་སྔོན་གཤེགས་དཔའ་བོས་གངས་ལྗོངས་ས་མཐོ་འཛུགས་སྐྲུན་དང་བརྟན་སྲུང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་པ། མཐའ་མཚམས་མངགས་གཏོང་ཁང་གི་འགན་ནུས་དང་། རྒྱུན་གཏན་གྱི་ལས་ཀ ཉེན་རྟོག་སྒྲིག་ཆས་བཅས་ངོ་སྤྲོད་བྱས་པ། མཐའ་མཚམས་མངགས་གཏོང་ཁང་གི་འཛུགས་སྐྲུན་དང་སྦྱོང་བརྡར་བྱེད་ཚུལ་བསྟན་པ་རེད།

    “ཆེན་པོ་ཆགས་རྗེས་ངས་ཀྱང་ཨ་ཁུ་ཉེན་རྟོག་པ་ལགས་དང་འདྲ་བའི་མི་ཞིག་བྱས་ནས་ང་ཚོའི་མེས་རྒྱལ་ལ་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་ལོ་རིམ་གཉིས་པ་འགྲིམ་བཞིན་པའི་སློབ་མ་བསྟན་པ་ཚེ་རིང་གིས་སེམས་ཤུགས་འཕེལ་བཞིན་དུ་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པར་བྱེད་སྒོར་ཞུགས་རྗེས་ཀྱི་བསམ་ཚུལ་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།