དབུ་ཤོག>ཁྲིམས་ལུགས།
  • སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁ་བསླུས་ལ་ངོ་རྒོལ་བྱས་ནས་གྱོང་གུན་སྒོར་ཁྲི་50ལྷག་ཙམ་མི་ཕོག་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    “བསམ་ཡུལ་ལས་འདས་པ་ཞིག་ལ་ཁ་བསླུས་ཐེབས་པའི་ངའི་དངུལ་ཚང་མ་རག་བྱུང་། སྤྱི་བདེ་ལས་ཁུངས་དང་དངུལ་ཁང་གི་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་མང་ཚོགས་ཞིག་གིས་ལག་ཏུ་དངུལ་བླུགས་པའི་ལྟོ་ཕད་ཅིག་ཁྱེར་ནས་འཇོ་མདའ་རྫོང་གི་ཁྲོམ་གཞུང་དུ་སྐྱོད་མཁན་མི་མཐོང་ཚད་ལ་དགའ་སྤྲོའི་ངང་བཤད། ཁོང་གིས“ཉིན་འགའི་སྔོན་དུ། ངས་དྲ་ཐོག་ནས་དངོས་ཟོག་ཉོ་སྐབས་སྔ་རྗེས་སུ་ཕ་རོལ་པོར་ཁྱོན་དངུལ་སྒོར་ཁྲི་4.4326ཐེངས་6བྱས་ནས་བསྐུར་བ་ཡིན། ཕྱིས་སུ་ཁ་ཡ་བྱེད་མཁན་མེད་པ་ཤེས་རྗེས་མྱུར་དུ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་པ་ཡིན”ཞེས་བཤད།

    གྱོད་དོན་སྙན་སེང་འབྱོར་རྗེས། འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དུས་ཐོག་ཏུ་ཞིང་ལས་དངུལ་ཁང་འཇོ་མདའ་རྫོང་ཉིང་ལག་དངུལ་ཁང་དང་འབྲེལ་བ་བྱས་ནས་འབྲེལ་ཡོད་དངུལ་ཁང་གྭ་ཡི་ཉོ་ཚོང་ལས་རིམ་གྱི་ཆ་འཕྲིན་སྤྲོད་རོགས་ཞུས། ཞིང་ལས་དངུལ་ཁང་འཇོ་མདའ་རྫོང་ཉིང་ལག་དངུལ་ཁང་གིས་མཐོང་ཆེན་བྱས་ཏེ་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་སྤྱི་བདེ་མི་སྣ་དང་འབྲེལ་མཐུད་བྱེད་པའི་འགན་འཁུར་དུ་བཅུག་པ་དང་འབྲེལ། ག་དུས་འབོད་ཀྱང་དེ་མུར་འབྱོར་དགོས་པའི་བླང་བྱ་བཏོན་རེད། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་དུས་ཐོག་ཏུ་གྱོད་གཞི་དང་འབྲེལ་བའི་ཕ་རོལ་པོའི་རྩིས་ཁྲ་འཚོལ་བ་དང་ཁ་བསླུས་ཐེབས་པའི་དངུལ་མགྱོགས་མྱུར་བཀག་ནས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱས་པ་རེད།

    དངུལ་ཁང་དང་ཉེན་རྟོག་པ་མཉམ་ལས་དམ་ཟབ་བྱས་པ་བརྒྱུད་ལས་ཀའི་མཉམ་ཤུགས་ནུས་ལྡན་ཞིག་ཆགས་ནས་ཉིན་10ཡང་མི་འགོར་བར་གྱོད་གཞི་རྩད་ཆོད་པ་དང་འབྲེལ། ཟླ་6ཚེས་7ཉིན་ནས་ཟླ་6ཚེས་11ཉིན་བར་ཧྥུའུ་ཅན་དང་། ཧྲན་ཤིས། སི་ཁྲོན་སོགས་ནས་ཉེས་གསོག་དོགས་ཅན་6བཟུང་བ་དང་ཁ་བསླུས་ཐེབས་པའི་དངུལ་ཚང་མ་དུས་ཐོག་ཏུ་ཚུར་བླངས་པ་རེད། མིག་སྔར། ཉེས་གསོག་དོགས་ཅན་6པོར་འཇོ་མདའ་རྫོང་གིས་ཁྲིམས་ལྟར་བཙན་ཤེད་བྱ་ཐབས་སྤྱད་པ་དང་ཟླ་6ཚེས་22ཉིན་ཁ་བསླུས་ཐེབས་པའི་དངུལ་ཚང་མ་གནོད་འཚེ་ཕོག་མཁན་ལ་སྤྲད་པ་རེད།

    ཤེས་རྟོགས་བྱུར་བར་གཞིགས་ན། 2022ལོ་ནས་བཟུང་། རྫོང་དེས་དངུལ་ཁང་དང་ཉེན་རྟོག་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་རྗེས་གློག་འཕྲིན་ཁ་བསླུས་གྱོད་གཞི་6རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་20བཟུང་བ། གྱོད་འབྲེལ་རྩིས་ཁྲ་16དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་20ལྷག་ཙམ་བསྡམས་བཅད་བྱས་པ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་33.1150ཚུར་བླངས་པ་དང་སྒོར་ཁྲི་31.6926ཕྱིར་སློག་བྱས་པ། གྱོད་གཞིར་སྤྱོད་པའི་ལག་ཐོག་ཁ་པར་20དང་རིགས་ཁག་གི་དངུལ་ཁང་གཱ་སྣ་ཚོགས་27གཞུང་བཞེས་བཏང་བ་བཅས་མང་ཚོགས་ཀྱི“དངུལ་ཁུག”སྲུང་སྐྱོང་ནན་ཏན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།