དབུ་ཤོག>ཁྲིམས་ལུགས།
  • སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    d5cafa65-40af-48c2-91e5-54ef2b05f59b.jpg.jpg

    ཟླ་བདུན་པར་ང་ཚོ་ཚང་མ་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་གསར་པ་ཞིག་ལག་ལེན་བསྟར་འགོ་ཚུགས་ཡོད། འཛིན་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་ནས་རིན་གོང་མགོ་སྐོར་གཏོང་བའི་བྱེད་སྤྱོད་གཏན་འགོག་གི་བར་དང་། དེ་ནས་བྱུག་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བར་སོགས་བཅའ་ཁྲིམས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དེས་ང་ཚོའི་ཐོབ་སྣང་ཆེ་རུ་ཕྱིན་ཡོད།

    དཔྱ་ཁྲལ་ཁག་གཅིག་དམའ་རུ་གཏོང་བ་དང་ཁེ་ལས་ཀྱི་ཁྲལ་འཇལ་བའི་ཁུར་པོ་ཡང་དུ་གཏོང་ཆེད། 2022ལོའི་ཟླ་7ཚེས་1ཉིན་ནས་བཟུང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་ཁྲལ་བཅའ་ཁྲིམས》ལག་ལེན་བསྟར་བ་དང་། དེས་འཛིན་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་དང་འཛིན་ལོར་ཉོ་ཚོང་གི་འཛིན་ཁྲལ་གྱི་འབྲེལ་ཡོད་གཏན་འབེབས་བཅའ་ཁྲིམས་སུ་རིམ་པ་སྤར་བ་རེད། དེ་ནི་རང་རྒྱལ་གྱིས་ཁྲལ་བསྡུའི་ཁྲིམས་བཀོད་རྩ་དོན་དོན་འཁྱོལ་བྱས་པའི་གྲུབ་འབྲས་གསར་ཤོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།