དབུ་ཤོག>ཁྲིམས་ལུགས།
  • ཆབ་མདོ་གྲོང་ཁྱེར་གྱིས“འགོག་སྲུང་འཛིང་རགས་བཞིར”བརྟེན་ནས་དངུལ་རྩའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི“བདེ་འཇགས་གྱང”མུ་མཐུད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    ལོ་འགོ་ཚུན་དུ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁོངས་གཏོགས་ཁུལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ཐོན་མང་བའི་རྣམ་པ་གཏན་འགོག་བྱ་ཆེད། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞི་ཁག་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཐབས་མང་མཉམ་སྤྱོད་དང་མུ་མཐུད་ཤུགས་བརྒྱབ་ནས་དངུལ་རྩའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི“བདེ་འཇགས་གྱང”ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ་རེད།

    ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ས་ཚིགས་མང་བ་དང་ཁྱབ་རྒྱ་ཆེ་བ། དེ་བཞིན“སྐར་ཁུང”རྣམ་པའི་ཞབས་ཞུ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲིན་སྟེགས་དང་། ལག་ཐོགས་ཁ་པར་གྱི་སྤྱོད་སྣེ། འཕྲིན་ཐུང་། LEDམངོན་ཤེལ། “སྐྱོད་པ་དགུ”སོགས་ཀྱི་བྱ་ཐབས་བརྒྱུད་ཕྱོགས་ཡོངས་དང་རྒྱུན་རྣམ་ཅན་གྱི་རྣམ་པའི་ཐོག་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱས་ཏེ་ཁོང་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁ་བསླུས་སྔོན་འགོག་དང་། ཁ་བསླུས་ཤེས་རྟོགས། ཁ་བསླུས་ལ་ངོ་རྒོལ་བཅས་བྱེད་པའི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནུས་ལྡན་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་རེད། ལོ་འགོ་ཚུན་དུ། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞི་ཁག་གིས་དྲ་ཐོག་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་འཕྲིན་ཐུང་ཁྲི་4ལྷག་ཙམ་བསྐུར་བ་དང་དྲ་ཕྱིར་མི་ཐེངས་358ལ་དྲིལ་བསྒྲགས་བྱས་པ་རེད།

    འགན་འཁྲི་ཁུར་བའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    ལོ་འགོ་ཚུན་དུ། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞི་ཁག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། དངུལ་ཁང་དང་ཉེན་རྟོག་པ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཁ་བསླུས་ངོ་རྒོལ་ལྟེ་གནས་བཅའ་སྡོད་ལས་དོན་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་སྤྱི་བདེར་གཞོགས་འདེགས་ཀྱིས་དུས་ཐོག་ཏུ་གྱོད་འབྲེལ་རྩིས་ཁྲ་ཤེས་རྟོགས་དང་། ཁ་བསླུས་ཐེབས་པའི་མ་དངུལ་མྱུར་དུ་ཚུར་བླངས་པས། མང་ཚོགས་ཀྱི་གྱོང་གུན་ནུས་ལྡན་གསབ་ཡོད། “གཱ་མེད་པར་བཟོ་བའི”ཆད་གཅོད་གཅུན་སྡོམ་གྱི་བྱ་ཐབས་དང་ཁ་བསླུས་ལ་ངོ་རྒོལ་དང་རྒྱན་འཛུགས་སྔོན་འགོག་གི་མ་དངུལ་འཁོར་འབྲེལ་བཅོས་སྒྲིག་གི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།

    མིག་སྔའི་བར། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱིས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གཞོགས་འདེགས་བྱས་ཏེ་དངུལ་ཁང་གཱ་382བསྡམས་བཅད་པ་དང་། གྱོད་འབྲེལ་དངུལ་སྒོར་ཁྲི་1535བསྡམས་བཅད་བྱས་པ། དངུལ་ཁང་གཱ་726དང་དངུལ་སྨར་སྒོར་ཁྲི་1575གཏོང་སྤྲོད་མཚམས་བཞག་པ། དཔལ་འབྱོར་གྱོང་གུན་སྒོར་ཁྲི་42ཚུར་ལེན་ཐུབ་པ། གྱོད་འབྲེལ་དངུལ་སྒོར་ཁྲི་250ལྷག་ཙམ་བཀག་ཉར་བཅས་བྱས་པས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

    རྩིས་ཁྲ་དོ་དམ་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“སུས་རྩིས་ཁྲ་བཟོས་པ་དེས་འགན་འཁུར་བའི”རྩ་དོན་ལྟར། རྩིས་ཁྲའི་མིང་ངོ་མ་འགོད་པའི་ལམ་ལུགས་དང“དངུལ་ཁང་གི་དུས་རྩིས་རྩིས་ཁྲའི་དུས་འཁོར་ཧྲིལ་པོའི་དོ་དམ”ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞི་ཁག་གིས“མི་གཅིག་ལ་གཱ་མང་བ”དང་། “ཡུན་རིང་བེད་སྤྱོད་མི་བྱེད་པའི་རྩིས་ཁྲ” རིམ་པ་ཐེངས་མང་སྤོར་བ་དང་བཅག་པ། བོར་ཐོ་འགོད་པ་དང་གསབ་གཉེར་ཡང་ཡང་བྱེད་པ། རྩིས་ཁྲ་ཡང་ཡང་བརྗེ་བ། རྩིས་ཁྲ་མང་པོ་བཟོས་པ་སོགས་ཀྱི་ཉེན་ཁ་གྲལ་བཤེར་བྱེད་པར་སྐུལ་འདེད་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱོད་མཁན་ལ་ལས་སྒྲོམ་མིན་པའི་ལས་སྒོ་གཉེར་སྐབས་གཟབ་ནན་བྱེད་པ་དང་འབྲེལ། ལས་སྒྲོམ་མིན་པའི་ཐབས་ལམ་གྱི་མ་དངུལ་རྩིས་ཁྲ་བསྒྱུར་བའི་བཅད་གྲངས་དང་། ཉོ་ཚོང་གི་གྲངས་འབོར། ཚོད་ལྟ་ར་སྤྲོད་བྱེད་སྟངས་བཅས་ལུགས་མཐུན་བཟོས་ནས་རྩིས་ཁྲའི་ནུས་པ་དེ་སྤྱོད་མཁན་གྱི་རྒྱུན་གཏན་གྱི་མ་དངུལ་དུས་རྩིས་རྒྱག་པའི་དགོས་མཁོ་དང་འཚམ་པའི་འགན་ལེན་བྱས་པས་རྩིས་ཁྲའི་ལས་སྒོའི་ཉེན་ཁ་འགོག་ཟོན་ནུས་ལྡན་བྱས་ཡོད་པ་རེད།

    ཉེན་ཟོན་དྲན་སྐུལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    “མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉེན་ཁའི་དྲན་སྐུལ་བྱེད་སྐབས། སྤྱོད་མཁན་ལ་རྩིས་ཁྲ་བཟོ་སྐབས‘གཅིག་ནས་ཡག་པོ་ལྟ་བ་དང་། གཉིས་ནས་ཡག་པོ་ཉན་པ། གསུམ་ནས་ཤེས་རྟོགས་བྱེད་པ’བཅས་ཀྱི་ནན་བཤད་བྱེད་དགོས་པ་སྟེ། སྤྱོད་མཁན་གྱི་རྣམ་འགྱུར་ལ་ལྟ་བ་དང་། སྤྱོད་མཁན་གྱི་ལན་ཉན་པ། སྤྱོད་མཁན་གྱི་རྩིས་ཁྲའི་སྤྱོད་སྒོ་ཤེས་རྟོགས་བཅས་བྱེད་དགོས”ཞེས་འཛུགས་སྐྲུན་དངུལ་ཁང་གི་ལས་དོན་མི་སྣ་སྒྲོལ་དཀར་གྱིས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱས་ཤིང“སྐབས་དེ་དུས་ཁོ་ཚོས་དགོས་ངེས་ཀྱི་ཆ་འཕྲིན་འགའ་ཤས་གསལ་པོ་ཤོད་མི་ཐུབ་པས་ང་རང་དོགས་པ་སྐྱེས་བྱུང”ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་6པའི་བར། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞི་ཁག་གིས་ཐེམ་ཁུངས་ཀུའེ་ཀྲོའུ་དང་ཀོང་ཏུང་ནས་ཡིན་པའི་དོགས་ཡོད་མི་སྣ་14ཡིས་ཆབ་མདོར་ཡོང་ནས་དངུལ་ཁང་གཱ་བོགས་མར་གཏོང་བ་དང་། གཡར་བ། ཉོ་ཚོང་བཅས་ཀྱི་གཱ་གཉེར་བའི་བྱེད་སྤྱོད་ཁག་6ཤེས་རྟོགས་ཐུབ་པ་དང་འབྲེལ། བཀག་འགོག་ཐུབ་ནས་ཁ་བསླུས་ཀྱི་ཉེན་ཁ་མ་བྱུང་སྔོན་འགོག་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།